R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢
[A:༢༢]སྦྱར་བའི་ཚིགས་བཅད་དང༌། དགེ་བཤེས་ཀྱི་མཚན་ཉིད། ཟབ་མོ་ཉམས་སུ་ལེན་ཚུལ་དང་ཡན་ལག་བདུན་གྱི་གཏམ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན་ཤེས་པའི་ཚིགས་བཅད། ཀ་མད་སུམ་ཅུའི་ཚིགས་བཅད་དང༌། ཡང་དག་ལམ་ལ་གཅེས་པའི་ཚིགས་བཅད། གང་གི་བསོད་ནམས་མ། སྟོན་པ་བརྩོན་འགྲུས་ཀྱི་དྲིས་ལན། བྲམ་ཟེ་པཎྜི་ཏ་ལཀྵྨི་ཀ་ར་དང༌། ཤོང་སྟོན་ལོ་ཙཱ་བ་དང༌། རྭ་དབོན་རྣམས་ལ་བསྐུར་བ། བཅོམ་རལ་ལ་སྤྲིང་པ། སྤྱི་བོ་ལྷས་པའི། དགེ་བཤེས་བྱང་སེང་ལ་བསྐུར་བ། ཁྲོ་ཕུ་བ། ཆག་ལོ། དབུས་ཀྱི་མཚན་ཉིད་པ་སྤྱི། བཀའ་གདམས་པ་སྤྱི། སྟགཾ་ལུང་པ་རྣམས་ལ་བསྐུར་བ། དབུས་ཀྱི་སྒོམ་ཆེན་པ་སྤྱི་རྣམས་གང་ལས་སངས་རྒྱས་ཆོས་ཚོགས་ཀུན། ཞེས་དགེ་བསྙེན་གཅིག་ལ་གདམས་པ། དགེ་ཚོགས་དཔག་མེད་མ། དབང་ཕྱུག་འབུམ་གྱི་དྲིས་ལན། ཚ་བ་རོང་པ་ལ་སྤྲིང་ཡིག་དང༌། ཚོགས་གཉིས་རྒྱ་མཚོ་མ། གྲགས་རིན་གྱི་དྲིས་ལན། སེང་གེ་མཐའི་དྲིས་ལན། གདམས་པ་བདུད་རྩི་ཐིགས་པ། རིག་པ་སྨྲ་བ་གྲགས་བཟང་ལ་སྤྲིང་ཡིག བདེན་གཉིས་རྣམ་ངེས། ཟབ་མོ་སྣང་བའི་རབ་བྱེད། རྒྱལ་པོ་ཇི་བིག་ལ་གདམས་པ། དཔོན་མོ་དུ་གལ་དུར་མི། རྒྱལ་པོ་ཇིམ་གིན་རྣམས་ལ་སྤྲིང་ཡིག ཧོ་ཀོ་གྲགས་བཟང༌། སྟོན་གཞོན་རྣམས་ལ་སྤྲིང་ཡིག གོས་དར་སྟོང་ཕྲག་བཅོ་ལྔ་དང་དགུ་བརྒྱ་བཞི་བཅུ་ཕུལ་བའི་མཆོད་བརྗོད་བསྔོ་བ། འདི་ལ་མི་དམིགས་མ། ཡན་ལག་དྲུག་བཅུ་ལྡན་པ་མ། གང་དུ་ཆར་སྤྲིན་མ་སོགས་ཚིགས་བཅད་བཞི། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་བསྡུས་དོན། རྒྱལ་པོ་ནོ་མོ་གན་ལ་སྤྲིང་ཡིག རྒྱལ་པོ་ཧོ་ཀོའི་དོན་དུ་མཛད་པའི་ཆོས་ཀྱི་རྣམ་བཞག རྒྱལ་པོ་དེ་གུས་བོ་ག་ལ་གདམས་པ་བདུད་རྩི་འབྱུང་བ། རྒྱལ་པོ་དེ་མུར་བོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་ཞེས་བྱ་