R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༣
[A:༢༣༣]བཟང་པོའི་འགྱུར། ཆེད་དུ་བརྗོད་པའི་ཚོམས་བམ་པོ་གསུམ།
མི་རྟག་པའི་ཚོམས་ནས། བྲམ་ཟེའི་ཚོམས་ཀྱི་བར་སུམ་ཅུ་རྩ་གསུམ
། པཎྜི་ཏ་བིདྱཱ་པྲ་བྷ་ཀ་ར་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱིས་ཞུས། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པ། བམ་པོ་བདུན། ལེའུ་དགུ། ལས་རྣམ་པར་འབྱེད་པ་བམ་པོ་གཉིས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། མུ་ནི་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལས་ཀྱི་རྣམ་པར་འགྱུར་བ་བམ་པོ་གཅིག རྒྱལ་བུ་དོན་གྲུབ་ཀྱི་མདོ། བམ་པོ་གཅིག་པ་རྣམས་བཞུགས།། ༼ས༽པ་ལ། འཕགས་པ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་བམ་པོ་གཉིས། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་དེ་བ་ཙནྡྲའི་འགྱུར། རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ། པཎྜི་ཏ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤེས་རབ་ལེགས་པའི་འགྱུར། དགེ་སློང་རིན་ཆེན་བཟང་པོས་བཅོས། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ། པཎྜི་ཏ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤེས་རབ་ལེགས་པའི་འགྱུར། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་རབ་ལྡན་གྱི་མདོ། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། སརྦྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། ཕག་མོའི་རྟོགས་པ་བརྗོད་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ། པཎྜི་ཏ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱི་འགྱུར། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་རྩ་གཉིས། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་དེ་བ་ཙནྡྲའི་འགྱུར་རྣམས་བཞུགས།། ༼ཧ༽དང་༼ཨ༽པ་ལ། འཕགས་པ་ལས་རྒྱ་པ་བམ་པོ་སོ་