R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༢
[A:༢༣༢]དང་མི་དགེ་བ་བསྟན་པའི་མདོ། པཎྜི་ཏ་ཨཱ་ཙརྻ་ཛྙཱ་ན་ཤྲཱི་གུཔྟ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་འགྱུར། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། ཚེའི་མཐའི་མདོ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་བ་དཔལ་གྱི་འགྱུར། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ། སྲིད་པ་འཕོ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མི་རྟག་པ་ཉིད་ཀྱི་མདོ། སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡང༌། མི་རྟག་པ་ཉིད་ཀྱི་མདོ། འདུ་ཤེས་བཅུ་གཅིག་བསྟན་པ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། ཕ་མའི་མདོ། བདེན་པ་བཞིའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། དོན་དམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།
གསན་ཡིག་ན། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཟེར
། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ། ཀུན་དུ་རྟོགས་པའི་རྙོག་པ་མདོ། འཕགས་པ་སྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ། པཎྜི་ཏ་ཛཱི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། པཎྜི་ཏ་དྷརྨྨ་ཀཱ་ར་དང༌། ལོ་ཙཱ་བ་ཡེ་ཤེས་སྙིང་པོའི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱི་ཞུས། གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་རྣམས་བཞུགས།། ༼ཤ༽པ་ལ། འཕགས་པ་མངོན་པར་བྱུང་བའི་མདོ། པཎྜི་ཏ་ཨཱ་ཙཱརྻ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་