R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༠
[A:༡༨༠]རྗེ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། བློ་བརྟན། སངས་རྒྱས་དཔལ། ལོ་མཆོག བློ་ཆེན། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །བཞི་པ་ནི། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་གཅིག་པ། འདི་ལ་དཀྱིལ་འཁོར་བཞི་ཡོད་ཅིང༌། རིན་པོ་ཆེའི་རིགས་སུ་རྒྱུད་འགྲེལ་དུ་གསུངས་སོ། །ལྔ་པ་ནི། དཔལ་པད་མ་འབར་བའི་རྒྱུད་ཆེན་པོ་ལས་ཕྱུང་བ། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ལེའུ་བཞི་པ། པཎྜི་ཏ་བི་མ་ལ་ཤྲཱི་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་རྒྱུད་ན་དཀྱིལ་འཁོར་མི་གསལ། སློབ་དཔོན་དག་གི་དཀྱིལ་འཁོར་ཡང་བཤད་དོ། །བརྒྱུད་པ་ནི། སངས་རྒྱས་ནས་རོལ་པའི་རྡོ་རྗེ་བར་གོང་བཞིན་ནོ། །དེ་ནས་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། དོན་ཆེན། ཆོས་སེང༌། བློ་བརྟན། སངས་རྒྱས་འབུམ། ལོ་མཆོག་མན་གོང་བཞིན་ནོ། །སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ལེའུ་ལྔ། ཀྲྀཥྞ་པཎྜི་ཏ་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར་འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། བྷཱུ་མི་ཀཱིརྟི། གཟེ་བ་བློ་བརྟན། ཇོ་བདེ། དོན་གྲུབ་ཡེ་ཤེས། དེ་གཉིས་ལ་ཁམས་པ་ཤཱཀྱ་རྡོ་རྗེས་ཞུས། དབུས་པ་སངས་རྒྱས་འབུམ། ལོ་མཆོག སྒྲ་ཚད་པ་རིན་རྒྱལ། ཆོས་རྒྱལ། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ་ནས་གོང་བཞིན་ནོ། །དྲུག་པ་ནི། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བརྒྱ་བདུན་ཅུ་པ་ནས་ཕྱུང་བའི་སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་བསྟོད་པ་ཕན་ཡོན་དང་བཅས་པ། འདི་ཉི་མ་སྦས་པས་རྣལ་འབྱོར་བླ་མེད་དུ་བཀྲལ་ཞིང༌། རྡུལ་ཚོན་དང༌། ལུས་དཀྱིལ་གཉིས་སུ་བཀྲལ་ལོ། །འདི་ཕ་རྒྱུད་ཕྱོགས་ཀྱི་ལྷ་མོའི་ཕྱོགས་སུ་གཏོགས་སམ་བརྟག་པར་བྱའོ། །བརྒྱུད་པ་ནི། སངས་རྒྱས། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མའི་གུང་