R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༥
[A:༡༥༥]རིན་པས་མཛད་པ་དང༌། དཀྱིལ་ཆོག་སྙིང་པོ་མདོར་བསྡུས་བུ་རིན་པོ་ཆེས་མཛད་པའི་སྟེང་ནས་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨཱ་ཙརྻ་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པད་མ་བཛྲ། དཱི་པཾ་ཀཱ་ར། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་རིན་རྣམ་པ། རིན་པོ་ཆེ་གྲགས་རྒྱལ་བ། སློབ་དཔོན་རིན་པོ་ཆེའི་ཞལ་སྔ་ནས། དེས་བདག་ལའོ། །བསྒྲུབ་དཀྱིལ་གྱི་ལུང་ཡང་ཐོབ་བོ། །ཡང་ན། རྗེ་བཙུན་རྒྭ་ལོ་ནས། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། བླ་མ་ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གུ་རུ་དཔལ་ལྡན་སེང་གེ་མན་གོང་བཞིན་ནོ། །གང་ལ་མཁྱེན་བརྩེའི་སྙིང་པོ་དང་ལྡན་གཞན་ཕན་ཟེའུ་འབྲུའི་ཕྲེང་བས་གཏམས། །བློ་གྲོས་ཡོན་ཏན་འདབ་མ་རབ་རྒྱས་ཚུལ་ཁྲིམས་དག་པའི་དོག་པས་འཁྱུད། །མི་ཟད་ཆོས་ཀྱི་སྦྲང་རྩིའི་རོ་ཡིས་བསྐལ་བཟང་བུང་བའི་ཚོགས་བསྡུད་པ། །དཔལ་ལྡན་བླ་མ་ཆུ་སྐྱེས་དེ་ནི་བདག་ཡིད་དང་མཚོར་འབྲལ་མེད་མཛོད། །ལྷག་པར་ཡང༌། རྣལ་འབྱོར་རྒྱུད་ཀྱི་ཆོས་ཚུལ་ལ་བཀའ་དྲིན་མཚུངས་པ་མ་མཆིས་པ་ཆོས་ཀྱི་རྗེ་རིན་པོ་ཆེ་དེ་ལས། དཔལ་དེ་ཁོ་ན་ཉིད་བསྡུས་པ་རྣལ་འབྱོར་ཆེན་པོ་རྩ་བའི་རྒྱུད་ཀྱི་དུམ་བུ་དང་པོ་ལས་གསུངས་པ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྩ་བའི་ལྷ་སུམ་ཅུ་རྩ་བདུན། བསྐལ་བཟངས་ཀྱི་སེམས་དཔའ་དགུ་བརྒྱ་དགུ་བཅུ་རྩ་དྲུག་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་དཀྱིལ་ཆོག་ལུགས་སུ་དབང་ཐོབ་པའི་སྨད་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་