R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༡
[A:༡༥༡]ཆེན་ནགས་རིན་ལ་ཞུས་པའི་སྐོར་བཞུགས།། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། མཆོག་གི་དང་པོའི་སངས་རྒྱས། ཟླ་བ་བཟང་པོ། ལྷའི་དབང་ཕྱུག གཟི་བརྗིད་ཟླ་བས་བྱིན། ལྷ་དབང༌། སྣ་ཚོགས་གཟུགས། ལྷའི་དབང་ལྡན། གྲགས་པ། པད་མ་དཀར་པོ། བཟང་པོ། རྣམ་རྒྱལ། དུས་ཞབས་པ་ཆེ་བ། དུས་ཞབས་ཆུང་བ། ཤཱཀྱ་སེང་གེ་རྒྱལ་མཚན། ཉི་མའི་འོད། གོ་ཏམ་དཔལ། རིན་ཆེན་བཀྲ་ཤིས། རྒྱལ་བའི་རྒྱན། བློ་ལྡན་རྗེ། ཤཱཀྱ་བསྲུང་བ། རྗེ་ཆེན་པོ་ལེགས་སྐྱེས། དཔལ་སངས་རྒྱས་དབྱངས། དཔལ་ནགས་ཀྱི་རིན་ཆེན་ཞབས། དེས་སོ།། ༈ །།དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྡོ་རྗེ་རྣམ་པར་འཇོམས་པ། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་པ། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལཱནྡྷ་རི་པ། ནག་པོ་པའི་ཞབས། བཟང་པོ་ཞབས། རྣམ་པར་རྒྱལ་བའི་ཞབས། ཏི་ལི་པའི་ཞབས། ནཱ་རོ་པ། རྣལ་འབྱོར་དབང་པོ་ཐིག་ལེ། པད་མ་དཀར་པོ། ཡེ་ཤེས་འཛིན། དགེ་བའི་བློ། སངས་རྒྱས་ཡེ་ཤེས། རྗེ་ཆེན་པོ་ལེགས་སྐྱེས། ཕྱོགས་སུ་གྲགས་པ་དམ་པའི་ཞབས། ཆོས་གྲགས། རིན་ཆེན་གྲགས། མཁས་པ་ཆེན་པོ་ནགས་ཀྱི་རིན་ཞབས། དེས་སོ། ༈ །རྡོ་རྗེ་ཕག་མོ་ཞལ་གཉིས་མའི་བྱིན་བརླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། དབང་པོའི་འབྱོར་པ། ཕུན་ཚོགས་བྱེད་པ། བིརྺ་པ། ཌོཾ་བྷི་ཧེ་རུ་ཀ རོལ་པའི་རྡོ་རྗེ། སྙིང་པོའི་ཞབས། གངྒཱ་འཛིན་པ། ཤིན་ཏུ་དགའ་བའི་རྡོ་རྗེ། དཔལ་འཛིན། ཡེ་ཤེས་རྡོ་རྗེ། ཧེ་རུ་ཀ་རྡོ་རྗེ། ལྷན་ཅིག་སྐྱེས་པ་དགའ་བའི་རྡོ་རྗེ། ཆོས་ཀྱི་དབང་ཕྱུག མཱ་