R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༠
[A:༡༥༠]ནི། བྷ་ག་ཝཱན་ཤྲཱི་ཤཱཀྱ་མུ་ནི། ཤྲཱི་མཉྫུ་གྷོ་ཥ། ཨཱརྻ་ནཱ་གརྫུ་ན། ཟླ་བ་གྲགས་པ། ཨཱརྻ་བྷ་བྱ་ཀཱིརྟི། ཨཱརྻ་མཉྫུ་ཀཱིརྟི། རྗེ་བཙུན་བཱ་གི་ཤྭ་ར་ཀཱིརྟི། རྗེ་བཙུན་གསེར་གླིང་པ་ཤྲཱི་དྷརྨཱ་ཀཱིརྟི། རྗེ་བཙུན་ཏཻ་ལོ་པ་པྲཛྙཱ་བྷ་དྲ། དཔལ་ནཱ་རོ་པ་ཆེན་པོ། མ་ཧཱ་སྠ་བི་ར་ཤྲཱི་ཤཱནྟི་མི་དྲ། མ་ཧཱ་པཎྜི་ཏ་ཨ་བྷྱཱ་ཀ་ར་གུཔྟ། པཱུརྞ་པཎྜི་ཏ་ཤུ་བྷ་ཨ་ཀ་ར་གུཔྟ། མུ་ནེནྡྲ་ཤྲཱི་བྷ་དྲ། སྒྲ་གཅན་འཛིན་དཔལ་བཟང་པོ། ཆག་ཆོས་རྗེ་དཔལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་མ་ཉི་མ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་དཔལ་འབྱོར། དུས་འཁོར་བ་དོན་གྲུབ་ཀུན་དགའ། དེས་བདག་ལའོ། ༈ །ཡང་ན། ཨཱ་བྷྱཱ་ཀ་ར་ནས། ངག་གི་དབང་ཕྱུག་སྦས་པ། བུདྡྷ་ཤྲཱི་ཛྙཱ་ན། ཉི་མའི་དབང་པོ། ཆག་ལོ་མན་ཆད་འདྲ། ༈ །བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་པད་མ་ཅན་གྱི་བརྒྱུད་པ་ནི། རཏྣ་རཀྵི་ཏ། མ་ན་ཀ་ཤྲཱིཿ ཆག་ཆོས་རྗེ་དཔལ། བླ་བྲང་པ་གཞོན་ནུ་དཔལ། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་བཟང་པོ་དཔལ། བླ་བྲང་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། དུས་ཞབས་པ་དོན་གྲུབ་ཀུན་དགའ། དེས་བདག་ལའོ། ༈ །ཡང༌། བླ་མ་འདི་ཉིད་ལས། བདེ་མཆོག་སྦྱངས་པའི་ཡོན་ཏན། རྡོ་རྗེ་མཁའ་འགྲོའི་དབང་བརྒྱུད་ནི། ཆོས་རྗེས། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རཏྣ་ཤྲཱི། ཀ་ལྱ་ན་ཤནྟི། མ་ཏི། བ་ནི་ཏ་བྷ་དྲ། བྷཱུ་མི་ཤྲཱི། བི་མ་ལ་ཤྲཱིཿ ཤོངས་བློ་བརྟན། བདེ་བ་ཅན་པ་སེང་རྒྱལ། གཡུང་སྟོན་པ། ཤེས་རྡོར་བ། དེ་གཉིས་ཀ་ལ་གྲགས་ཚུལ་བ། བྱང་སེང་པ། ས་བཟངས་པ། ཀུན་བཟངས། དམར་སྟོན། རྗེ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ། དོན་གྲུབ་ཀུན་དགའ། དེས་བདག་གོ ༈ །དུས་འཁོར་གྱི་དབང་ཐོབ་པའི་བརྒྱུད་ཡིག་དུས་གོ་དང་བཅས་པ་གཏོར་བས། འབྲི་རྒྱུ།། ༈ །།པཎ་