R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༩]ཧ། སློབ་དཔོན་ཀླུ་སྒྲུབ། ཨརྻ་དེ་བ། དགེ་སློང་ནག་པོ་ཞབས། སློབ་དཔོན་ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར་མན་ཆད་ལམ་འབྲས་དང་འདྲ་བ་ནི། སློབ་དཔོན་ཨརྻ་དེ་བའི་མཆོད་རྟེན་དྲུང་དུ་ཐོབ་པ་སེམས་ཐག་བཅད་པའི་ལམ་གྱི་མན་ངག་རྗེ་བཙུན་ཆེན་པོའི་འགྲེལ་པ་དང་བཅས་པ། ཡང༌། རྡོ་རྗེ་འཆང༌། རྗེ་བཙུན་སྒྲོལ་མ། སློབ་དཔོན་ངག་དབང་གྲགས་པ། དེ་བ་ཨ་ཀཱ་ར་ཙནྡྲ། ཨ་མོ་གྷ་བཛྲ། འབྲོག་མི་མན་ཆད་ལམ་འབྲས་དང་འདྲ་བ་ནི། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། ངག་དབང་གྲགས་པའི་མན་ངག་རྗེ་བཙུན་ཆེན་པོས་གསལ་བར་མཛད་པ། ཡང༌། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཛ་ལནྡྷ་ར་པ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར་མན་ལམ་འབྲས་དང་འདྲ་བ་ནི། གཏུམ་མོ་ལམ་ཡོངས་སུ་རྫོགས་པ་དང༌། ཡོན་པོ་སྲང་བའི་ལམ་གྱི་མན་ངག་ནག་པོ་པའི་ལམ་རྗེ་བཙུན་ཆེན་པོས་གསལ་བར་མཛད་པ། ༈ །ཡང་རྡོ་རྗེ་འཆང༌། དཔལ་བདེ་བ་ཆེན་པོ། ཨིནྟྲ་བྷཱུ་ཏི། དཔལ་ཚངས་པའི་ཞབས། བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྟྲ་བྷཱུ་ཏི་བར་པ། སློབ་དཔོན་ཨུ་པ་ལའི་ཞབས། སློབ་དཔོན་གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱི་ཡོ་བྷཱུ་ཏི། པདྨ་བཛྲ། ཌོཾ་བྷི་ཧེ་རུ་ཀ ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་པདྨ། ལྕམ་ལཀྵྨི། རྒྱལ་པོ་ཨིནྟྲ་བྷཱུ་ཏི་ཕྱི་མ། རཏྣ་བཛྲ། ཁ་ཆེ་ཤེས་རབ་གསང་བ། འབྲོག་མི་མན་ཆད་ལམ་འབྲས་དང་འདྲ་བ་ནི། ཨིནྟྲ་བྷཱུ་ཏིའི་ལམ་འདི་རྒྱ་གཞུང་ངོ༌། །ཡང༌། རྡོ་རྗེ་འཆང༌། རྟ་མཆོག བི་ན་པ་ཏི། ཨིནྟྲ་བྷཱུ་ཏི། ལཀྵི་པ་དང༌། སྒེག་པའི་རྡོ་རྗེ། གུནྡྷེ་རི་པ། པདྨ་བཛྲ། ཆོས་ཀྱི་པ། བཟང་པོའི་ཞབས། ཏོག་རྩེ་པ། གྷཱུ་ཤ་ན། པདྨ་པ། ཀརྞ་པ། དཔའ་བོ་རྡོ་རྗེ། འབྲོག་མི། སེ་མཁར་ཆུང་པ་མན་ཆད་ལམ་འབྲས་དང་འདྲ་བ་ནི། ཏོག་རྩེ་པའི་བསམ་མི་ཁྱབ་ཀྱི་ལམ་ས་སྐྱ་པ་ཆེན་པོས་གསལ་བར་