R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༢
[A:༡༢༢]པ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བླ་མ། ས་སྐྱ་བུ་སྟོན། བར་པུག་པ་བཟང་པོ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། དབུ་མ་ལུགས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ། ཆོས་རྗེ་ས་སྐྱ་པས་མཛད་པའི་ཆོ་ག་དང༌། ལུང་སྦྱོར་གྱི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་འཇམ་དཔལ། བྱང་ཆུབ་སེམས་དཔའ་ནོར་བཟངས། འཕགས་པ་ཀླུ་གྲུབ། ཞི་བ་ལྷ། ཛེ་ཏ་རི། པུཎྱེ་ཤྲཱི་མི་ཏྲ། ས་སྐྱ་པ་ཆེན་པོ། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། བླ་ཆེན་ཀུན་བློ། ཆོས་རྗེ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །གཞན་ཡང༌། ཤེས་རབ་སྙིང་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་པ། ལྟུང་བཤགས། ཤེས་སྤྲིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། པཎ་ཆེན་མ་ཏིས་མཛད་པའི་ཆོས་སྤྱོད་རབ་གསལ་སྣང་བ། ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་བང་མཛོད་ཆོས་འབྱུང་ཆེན་མོར་གྲགས་པ། བུ་སྟོན་གྱིས་མཛད་པ་རྣམས་ཀྱང་ཞུས་ཤིང༌། ཡང༌། རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་ཐོར་བུ་བ་ཐོབ་པའི་རིམ་པ་ནི། ཐོག་མར་བླ་མའི་རྣལ་འབྱོར། བླ་མ་ལ་བསྟོད་པ་དྭང་བའི་ཆུ་རྒྱུན། བླ་མ་ལ་བསྟོད་པ་དད་པ་བསྐྱེད་བྱེད། སྤང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་བསྟོད་པ། མཁན་ཆེན་བུ་སྟོན་པ་ལ་བསྟོད་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལ་བསྟོད་པ། དམར་ཁྲིད་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་པ། སུམ་པ་ལོ་ཙཱའི་སྙན་བརྒྱུད་ཀྱི་བླ་མ་རྣམས་ལ་བསྟོད་པ། སྙིང་པོ་དོན་གསུམ་གྱི་བླ་མ་བརྒྱུད་པ་ལ་བསྟོད་པ། སྨོན་འཇུག་སེམས་བསྐྱེད་ཀྱི་བླ་མ་བརྒྱུད་པ་ལ་བསྟོད་པ། དབུ་མ་ལུགས་ཀྱི་སེམས་བསྐྱེད་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་པ། བྱང་སེམས་