R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༡
[A:༡༢༡]པ། རང་བཞིན་ལྔ་པ་གཉིས་མེད་རྡོ་རྗེས་མཛད་པ། ཨ་མྲྀ་དེ་བས་ཞུས་ཏེ་གསོལ་བ་བཏབ་ནས་བརྩམས་ཟེར་བའང་འདུག ཐབས་ཤེས་རབ་རྩེ་བ་ལྔ་པ་གཉིས་མེད་རྡོ་རྗེས་མཛད་པ་འཚུར་ཛྙཱ་ན་ཨ་ཀ་རའི་འགྱུར། དཱོ་ཧ་ཞེས་པ་དེ་ཁོ་ན་ཉིད་ཀྱི་མན་ངག་ཨ་ཝ་དྷཱུ་ཏིས་མཛད་པ། དྷཱི་རི་ཤྲཱི་ཛྙཱ་ནའི་འགྱུར། ཐེག་པ་ཆེན་པོ་ཉི་ཤུ་པ་གཉིས་མེད་རྡོ་རྗེས་མཛད་པ། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཡིད་ལ་མི་བྱེད་པ་གཉིས་མེད་རྡོ་རྗེས་མཛད་པ། གཉན་ཆུང་གིས་བཅོས་པ། དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་པ་གཉིས་མེད་རྡོ་རྗེས་མཛད་པ། སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། གསང་བ་དམ་པ་ཞེས་པའི་ཆོས་ཚན་གཅིག དབང་བསྐུར་ངེས་བསྟན་མཻ་ཏྲི་པས་མཛད་པ། ནག་ཚོའི་འགྱུར། དེའི་དཀའ་འགྲེལ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ། ས་མནྟ་བྷ་ཏྲ་དང༌། ནག་ཚོའི་འགྱུར། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། འཚུར་ཛྙཱ་ན་ཨ་ཀ་རའི་འགྱུར། རྡོ་རྗེའི་ཚིག་ཅེས་བྱ་བ། བཛྲ་པ་ཎིས་མཛད་པ་འཚུར་གྱི་འགྱུར། འདི་ལ་ཆོས་སྣ་ཉི་ཤུ་རྩ་དྲུག་བཞུགས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ས་ར་ཧ། རི་ཁྲོད་དབང་ཕྱུག མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་ལོ་ཙཱ། དེས་སྲས་ལ་མང་འགར་གྲགས་བཟངས། འགྲོ་མགོན་ཆོས་རྒྱལ། ཡེས་རིན་དང་འཛིམ་པ་གཉིས་ཀས། གཞི་ཐོག་པ་ལ། བྱང་སེམས་རྒྱལ་ཡེས། བླ་མ་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཆོས་རྗེའི་བར་དང༌། མཁན་ཆེན་བྱང་སེང་པ། རིན་པོ་ཆེ་བཀྲས་རིན་པ། རིན་པོ་ཆེ་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། །།ཡང༌། དཔུང་པ་བཟང་པོའི་བརྒྱུད་ལ་རྟེན་པའི་གཏོར་མ་ཆ་གསུམ་འབྲིང་པོའི་བརྒྱུད་པ་ནི། ཤྲཱདྡྷ། ལོ་ཆེན། བྲག་སྟེངས་པ། མལ་ལོ། ས་ཆེན། ཡང༌། ལོ་ཆེན། ལོ་ཆུང༌། དབུས་པ་གེ་སེར། ཁའུ་པ། ས་ཆེན། སློབ་དཔོན་པ། རྗེ་བཙུན་