R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༩
[A:༡༡༩]པ། ཤནྟི་བྷ་ཏྲ་དང༌། མགོས་འགྱུར། དེ་གཉིས་ལ་བརྟེན་ནས་རྒྱལ་པོ་ཨིནྟྲ་བྷུ་ཏིས་ཡེ་ཤེས་གྲུབ་པ་མཛད། དེ་ལ་རྟེན་ནས་ལཀྵིས་གཉིས་མེད་གྲུབ་པ་མཛད། ཌོཾ་བྷི་ཧེ་རུ་ཀས་ལྷན་ཅིག་སྐྱེས་གྲུབ་མཛད། དེས་དཱ་རི་ཀ་པ་དང༌། ཙི་རོ་གཉིས་ལ་བཤད། དཱ་རི་ཀ་པས་གསང་བ་དེ་ཁོ་ནའི་མན་ངག་མཛད། ཙི་རོས། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་མཛད། སྔ་མ་སྔ་མས། ཕྱི་མ་ཕྱི་མའི་དོན་དུ་མཛད། ཕྱི་མ་ཕྱི་མས། སྔ་མ་སྔ་མའི་གཞུང་དང༌། ཉམས་མྱོང་ལ་རྟེན་ནས་མཛད་ཅེས་གྲག་གོ ༈ །ཡང༌། སྙིང་པོའི་སྐོར་ལ། ས་ར་ཧས་མཛད་པའི་དོ་ཧ་མཛོད། ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་གཏན་ལ་འབེབས་པ། རྨ་ཅན་འགྱུར། དེ་བ་ཙནྟྲས་མཛད་པའི་ཤེས་རབ་ཡེ་ཤེས་གསལ་བ། དྷརྨྨ་ཀིརྟིའི་འགྱུར། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་གནས་པ་བསྡུས་པ། རྨ་བན་འགྱུར་ལ། འཚུར་གྱིས་བཅོས་པ་འདི་དཱ་རི་ཀ་པས་མཛད་ཟེར་བའང་འདུག་སྟེ་དོན་ཅིག ཏོག་རྩེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་མན་ངག འདི་ལ་འགྱུར་བྱང་མི་འདུག ༈ །དེ་ལྟར་ཕྱག་རྒྱ་ཆེན་པོ་གྲུབ་སྙིང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། ཤ་ཝ་ར་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན་རྡོ་རྗེ། དེ་ལ་དབུས་གཙང་གི་མི་བདུན་ཏེ། རོང་གི་བྲང་ཏི་དར་མ་སྙིང་པོ། གྲའི་འོ་བརྒྱད་སྟོན་ཆུང༌། རྟག་ཚལ་གྱི་ཞལ་སྔ་རིང་མོ། བ་རེག་ཐོས་པ་དགའ། བྲའོ་འབུམ་ལ་འབར། དགེ་བཤེས་གངས་པ་ཤེའུ། རོང་པ་ཤེས་འདྲི་མི་རྣམས་ཏེ། ཕྱག་ན་ལ་ཞབས་རྟོག་ཆེ་ཚད་བསོད་ནམས་ཆེ་བར་བྱུང་སྟེ། བ་རེག་གིས་གསེར་ཕུལ་གྱིས་གཅལ་ནས་ཕུལ་ཏེ། སྔ་མ་ལ་མཁར་གཞོང་གང་ཕུལ། ཕྱི་མ་ལ་ཟངས་གཞོང་གང་ཕུལ། བ་རེག་སེམས་ཕྱོགས་ལ་མཁས་པས། སྙིང་པོ་སྐོར་མཁས། ཞལ་སྔ་མ་བརྒྱུད་པ་ཡིན་པས། གྲུབ་བསྐོར་མཁས། བྲང་ཏི་མངོན་པ་