R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༨
[A:༡༡༨]བོ་རྗེ་ལྷ་གཅིག་གི ཛམྦྷ་ལ་ལ་རྟེན་པའི་མཐུན་རྐྱེན་བསྒྲུབ་པའི་མན་ངག་ཅེས་བྱ་བ། རི་ཁྲོད་པའི་གཅེས་ནོར་ཁྱད་པར་ཅན་ཅིག་ཀྱང་ཞུས་སོ། །འདིའི་ཡང་བླ་མ་བརྒྱུད་པ་གསན་ཡིག་ན་མི་བཞུགས་པས་འདིར་ཡང་དེ་ལྟར་རོ། །གོང་འོག་འདི་གཉིས་བདག་གི་བླ་མས་བཟད་པ་རིན་རྒྱལ་བ་ལ་ཞུས་པར་གདའོ། ༈ །ཡང༌། དབྱུག་གུ་མ་སྤུན་གསུམ་གྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་པ། རྗེ་བཙུན། ས་པཎ། འཕགས་པ། རིན་པོ་ཆེ་ཚོགས་སྒོམ། བསོད་ནམས་བརྟན་པ། ན་ཟ་པ། ཡེ་ཤེས་དཔལ། བློ་གྲོས་བཟང་པོ། མཁན་ཆེན་སེང་གེ་དཔལ། འདི་ལ་བ་རི་ལོ་ཙཱ་བའི་ཐུགས་དམ་མཁའ་འགྲོ་མའི་ལག་བཅངས་མ་ཞེས་བྱ་བ་དང༌། དེའི་ལག་ལེན་ཆོས་དཔལ་བཟང་པོས་སྦྱར་བའི་ལུང་ཡང་ཐོབ་བོ། །གཞན་ཡང་རིམ་པ་གཉིས་ཀྱི་མན་ངག་མང་དུ་ཐོབ་པ་ལ། བ་རི་བའི་འབུམ་ནག་གམ། རིག་པའི་འབུམ་ཆེན་མོ་ཞེས་བྱ་བའི་མདོ། རིག་པ་ལྔ་བཅུ་ཡོད་པ་དང༌། རིག་པ་ཐོར་བུ་བ་བསྡུས་པ་འབུམ་ཞེས་པའམ། སྣ་ཚོགས་རིགས་པའི་འབུམ་ཆུང་རིག་པ་གྱ་ལྔ་ཡོད་པ། བྱད་མ་འབུམ་བཟློག་ཏུ་གྲགས་པ་ལ། ལོ་རྒྱུས། བསྲུང་བ། ངག་མནན། མཚོན་བསྲུངས། ཇག་ཆིངས། ནོར་སྒྲུབ། ཚེ་བསྒྲུབ། རྨི་ལམ་ངན་པ་བཟློག་པ། བཟློག་པ་བྱེད་ལུགས་རྣམས་ཀྱང་ཞུས་སོ། །འདི་རྣམས་བདག་གི་བླ་མས་མཁན་ཆེན་སེང་གེ་དཔལ་ལ་གསན་པ་ལས་སོ། ༈ །ཡང༌། གྲུབ་པ་སྡེ་བདུན་དུ་གྲགས་པ། ཕྱག་རྒྱ་ཆེན་པོ་གཞུང་གི་བསྐོར་ལ། གསང་བ་འདུས་པ་ལ་རྟེན་ནས། སློབ་དཔོན་པདྨ་བཛྲས་མཛད་པའི་གསང་བ་གྲུབ་པ། པཎྜི་ཏ་ཀྲིཥྞི་དང༌། ནག་ཚོའི་འགྱུར། དེ་དང་སཾ་བྷུ་ཊི་ལ་བརྟེན་ནས། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་