R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༦
[A:༡༡༦]ཆུབ། འཛམ་གླིང་པཎྜི་ཏ། བླ་མ་རིན་ཆེན་རྒྱལ་པོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིའི་ཡིག་ཆ་ལ། ལོ་རྒྱུས། བཟླས་པ། ཆུ་སྦྱིན། གཏོར་མ། འཁོར་ལོ། ཐབ་ཁུང༌། རྒྱབ་ཡོལ། དམ་ཚིག རྟགས། སྤོགས་ཆོག ཆུད་མི་ཟ་བ་རྣམས་དགེ་སློང་ཆོས་ཀྱི་བླ་མས་བཀོད་པ། ཆུ་སྦྱིན་གྱི་ལག་ལེན་མངོན་རྟོགས་གྲུ་རྡོ་རྗེ་སེང་གེས་བཀོད་པ། ཕྱག་མཚན་ནེའུ་ལེའི་སྒྲུབ་ཐབས་བཀའ་རྒྱ་མ། ཡང་གསང་སྲོག་གི་འཁོར་ལོའི་ལོ་རྒྱུས་དང་བཅའ་ཐབས། མགོན་པོ་ནོར་བདག་བསྒྲུབ་པའི་ཐབས་ཞེས་པ། སྲོག་འཁོར་དམར་ཁྲིད་ཡིག་ཆུང༌། སྲོག་འཁོར་གྱི་ཞལ་གདམས། ཡང༌། ཞལ་གདམས་བལ་པོ་ཨ་ཧཱུྃ་གིས་གཏེར་ནས་གཏོན་པ། སྲོག་འཁོར་བཅའ་གཞིའི་གནད། དངོས་གྲུབ་མྱུར་དུ་བསྐུལ་བ་ཞེས་པ། སྲོག་འཁོར་གྱི་བྲི་ཡིག ཡང༌། སྲོག་འཁོར་གྱི་གནད་ཀྱི་ཡིག་ཆུང་རྣམས་སོ། །འདི་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། ཐབས་ཀྱི་བློ་གྲོས། བཟད་པ་རིན་རྒྱལ་བ། དེ་ལ་བདག་གི་བླ་མས་གསན་པ་ལགས་སོ།། ༈ །།ཡང༌། ཛམྦྷ་ལ་སྦས་པ་བུམ་འཁྱིལ་གྱི་རྗེས་གནང་གི་བརྒྱུད་པ་ནི། པཎྜི་ཏ་སརྦཱ་ཛྙཱ་ཀྲིཥྞ། ཤར་ཕྱོགས་རྒྱལ་པོ། བྷངྒ་ལའི་རྒྱལ་པོ། ཀ་ན་ཀ་ཤྲཱི། བྱང་སེམས་གསེར་གདུགས་ཅན། ཚོང་སྟོན་སཾ་ཡ་སུརྻ། པཎ་ཆེན། ཁྲོ་ཕུ་ལོ་ཙཱ་བ། འཛལ་བུ་བ། སེམས་དཔའ་ཆེན་པོ། ཡང་རྩེ་བ། བུ་སྟོན་ཆོས་རྗེ། རྗེ་རྩེ་མོ། བཀའ་བཞི་པ་སེང་གེ་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །དེའི་ཡིག་ཆའི་སྐོར་ལ། ལོ་རྒྱུས། རྨུགས་འཛིན། འཆོལ་པ་ནག་པོའི་སྒྲུབ་ཐབས་སྦས་པའི་བུམ་པ་འཁྱིལ་བ་ཞེས་བྱ་བ། ནོར་སྦྱིན་གྱིས་མཛད་པ། ཁ་ཆེ་པཎ་ཆེན་དང༌། བྱམས་པ་དཔལ་གྱི་འགྱུར། སྒྲུབ་ཐབས་ཀྱི་བསྡུས་དོན་བྱམས་པ་དཔལ་གྱིས་མཛད་པ། སྤྲུལ་པའི་