R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༥
[A:༡༡༥]ཀྱི་རྗེ། དེས་བདག་ལའོ། ༈ །མདུང་དམར་ཅན་གྱི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། རྒྱལ་པོ་གཡུ་སྒྲ་སྙིང་པོ། ཁྲི་སྲོང་ལྡེའུ་བཙན། སྐྱེས་བུ་ལྷ་བཟངས་སྐྱིད་དཔལ། དེས་བྱ་རྒོད་གཤོངས་ཀྱི་གཙུག་ལག་ཁང་དུ་སྒྲུབ་ཐབས་དང་སྐུ་འབག་གཉིས་གཏེར་དུ་སྦས། དེ་སྙལ་པ་ཉི་མ་ཤེས་རབ་ཀྱིས་སྙེད། དེ་ནས་རིམ་བཞིན་སྣུར་ཉི་མ་འོད་ཟེར། དབུས་པ་དམར་སྟོན། བཅུར་སྟོན། འོད་ཟེར་བླ་མ། ཡེ་ཤེས་རྒྱ་མཚོ། སློབ་དཔོན་ཐབས་བློ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། མི་ཕམ་སྐྲའི་ཟླ་བ་ཅན། ཨ་བྷྱ་ཀ་ར། ཟངས་དཀར་ལོ་ཙཱ། ཐུགས་ཀྱི་མང་སྟོན། རིན་པོ་ཆེ་པ། སོགས་པ་བྱང་ཡོན། དཔལ་རྒྭ་ལོ་ནས་སོ། ༈ །ཡང༌། སློབ་དཔོན་པད་མ་སཾ་བྷ་བའི་ལུགས་ཀྱི་རྣམ་སྲས་གཏེར་མའི་སྐོར་ཐོབ་པ་ལ། སྤྲིན་གསེབ་མ་རྟ་བདག་བརྒྱད་དང༌། ཀླུ་མོ་གཉིས་ཀྱི་སྒྲུབ་ཐབས། མཛོད་པའི་སྒྲུབ་ཐབས། རྡོ་རྗེ་སྲིད་རྒྱལ་གྱི་སྒྲུབ་ཐབས། འཇོམས་བྱེད་རྩལ་ཁྱི་ཅན་མཚོན་བསྲུངས་ཀྱི་མན་ངག གཡའ་སྤང་རྩལ་སྲེ་མོང་ཅན་ཆང་ཉེས་ཀྱི་སྦྱོར་བ། དྲག་པོ་རྩལ་བྱ་རྒོད་མགོ་ཅན་གྱིས་གསད་པ། མཆེ་ཕྱུག་དྲེད་མགོ་ཅན་གྱིས་མནན་པ། འཕྲོག་བྱེད་སྤྲེའུའི་མགོ་ཅན་གྱིས་འབྱེད་པ། གར་དབང་ཁྱུང་མགོ་ཅན་གྱིས་དབྱེ་ཞིང་སྐྲད་པ། ཐོག་ཆེན་དྲེད་མགོས་སེར་བ་དབབ་པ། དཔའ་བོ་རྒྱལ་འུག་པའི་མགོས་གདུག་པ་ཅན་གནས་ནས་དབྱུང་བ་སྟེ་མགོ་གཉན་ཅན་བརྒྱད་ཀྱི་སྒྲུབ་ཐབས། ལས་སྦྱོར། ལོ་རྒྱུས་དང་བཅས་པའང་ཐོས་ཤིང་རྟོགས་སོ།། ༈ །།ཛམ་བྷ་ལ་ནག་པོའི་སྲོག་གི་འཁོར་ལོའི་བརྒྱུད་པ་ནི། གསང་བའི་བདག་པོ། མཁའ་འགྲོ་མ་གངྒཱ་སིདྡྷི། དཱ་ན་སིདྡྷི། ཨུ་རྒྱན་པད་མ། བལ་པོ་ཧུང༌། སྣུབས་ཕག་མོ་ལུང་པ། འགར་སྟོན་འབུམ་དར། སླུལ་ཀུན་དགའ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་བྱང་