R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༨
[A:༡༠༨]རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང་ན། རྡོ་རྗེ་འཆང༌། ཀུ་རུ་ཀུལླེ། རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། རྗེ་ས་ཆེན་མན་གོང་བཞིན་ནོ། །འདིའི་རྗེས་གནང་རྒྱ་སྟོན་པས་མཛད་པ། སྒྲུབ་ཐབས་དང་ལས་ཚོགས། འཁོར་ལོ་ལ་རྟེན་ནས་བསྒྲུབ་བྱ་བ་དང༌། མཎྜལ་ལ་རྟེན་ནས་བྱ་བ་དང༌། རྫས་ལ་རྟེན་ནས་བྱ་བ་རྣམས། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྟེང་ནས་ཞུས་སོ། ༈ །ཡང༌། ཁྲོ་བོ་འདོད་པའི་རྒྱལ་པོའམ། བཀག་ཆོལ་མར་གྲགས་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། དེའི་རྩ་བ་ནི་དུས་ཀྱི་འཁོར་ལོ། ཧེ་རུ་ཀ་པད་མ་དབང་ཆེན། བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ། རྡོ་རྗེ་གུར། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་མན་ངག་གི་དོན་བསྡུས་ནས། རྡོ་རྗེ་འཆང་ཆེན་པོས། ཡུམ་བདེ་བ་རྒྱས་བྱེད་མ་ལ་གནང༌། དེས་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། དེས་ལ་ལི་ཏ་བཛྲ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ། རྡོ་རྗེ་གདན་པ་ཆེན་པོ། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་པཎ། འཕགས་པ། ཡང༌། ས་ཆེན་པས་ཁམས་པ་དོན་གྲུབ། ཕག་མོ་གྲུབ་པ། བཤེན་རྡོར་སེང༌། ཛ་ཛ་ནེ། རོང་པ་དགེ་རིངས། སློབ་དཔོན་ཇོ་བཙུན། བླ་མ་འཕགས་པ་དང༌། སློབ་དཔོན་ཇོ་བཙུན་གཉིས་ཀ་ལ། བླ་མ་རོང་པ་རྒྭ་ལོ། སྲས་ཨ་ཀ་ར་སིདྡྷི། བླ་མ་སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། ཐ་བ་རི་པ་ཆེན་པོ། བ་རི་ལོ་ཙཱ་བ། རྗེ་བཙུན་ལྕགས་ཐང་པ། ཇོ་བཙུན་སེ་ཆུང༌། ས་ཆེན་པ། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་རྒྱལ། ས་པཎ། སློབ་དཔོན་ཁམས་པ། སློབ་དཔོན་