R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༧
[A:༡༠༧]གོ་དྲུག་ཁ་བསྐོང་རྒྱུ། ༣༣རྒྱུ་འཕྲུལ་དྲྭ་བའི་འཇམ་རྡོར་སྒོ་གཉིས་སྦྲག་གི་དཀྱིལ་འཁོར་ལྷ་བཞི་ཅུ་རྩ་གསུམ། ༣༤ཆོས་དབྱིངས་གསུང་དབང་སྒོ་བཞི་སྦྲག་གི་དཀྱིལ་འཁོར་ལྷ་ཉི་བརྒྱ་དང་ཉི་ཤུ་རྩ་གཅིག ༣༥གཙུག་དགུའི་དཀྱིལ་འཁོར་ལྷ་སུམ་ཅུ་སོ་བདུན། ༣༦ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྷ་སུམ་ཅུ་སོ་གསུམ། ༣༧བཤད་རྒྱུད་རྡོ་རྗེ་གུར་གྱི་མཁའ་འགྲོ་ལྔ་བསྡུས་པའི་དཀྱིལ་འཁོར་བསྡུས་པའི་རྒྱས་པ་ལྷ་ལྔ་བཅུ་ང་གསུམ། ༣༩བདེ་མཆོག་འཁོར་ལོ་སྒྱུར་བ་དྲུག་གིས་བསྡུས་པའི་དཀྱིལ་འཁོར་ལྷ་བདུན་བཅུ་དོན་གཉིས། དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ལྷ་དྲུག་བརྒྱ་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་སྒོ་སུམ་སྦྲག་དང་བཅས་པ། འདི་ཡན་ལ་དངོས་སུ་དཀྱིལ་འཁོར་སུམ་ཅུ་སོ་དགུ། འདི་རྣམས་ཀྱི་བཀའ་
ཨ་བྷ་ཡ་ཉིད་ཀྱི་བཞེད་པ་བླ་མེད་ཕྱོགས་གཅིག་ཡིན་པ་འདྲ་ཡང༌། བུ་སྟོན་སོགས་ཀྱི་བཞེད་པ་ལྟར
། རྒྱུད་སྡེ་བཞི་སོ་སོར་ཕྱེ་བའི་ལུགས་དང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ། མངོན་རྟོགས་རྣལ་འབྱོར་རྫོགས་འཕྲེང༌། སྦྱིན་སྲེག་འོད་ཀྱི་སྙེ་མ་སྟེ་ཕྲེང་བ་སྐོར་གསུམ་ལ། མན་ངག་སྙེ་མ་ནས་ཁ་སྐོང་དགོས་པ། སྙེ་མ་བཅོ་བརྒྱད་པའི་དཀྱིལ་འཁོར་གྱི་དག་པའི་ལུང་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཤིང༌། བདུད་རྩི་གསུམ་གྱི་མངོན་རྟོགས་བུ་སྟོན་པས་མཛད་པའང་ཞུས་སོ།། །།ཡང༌། ས་སྐྱ་པའི་གསེར་ཆོས་དམར་པོ་བསྐོར་གསུམ་དུ་གྲགས་པའི་དང་པོ། ལྷ་མོ་ཀུ་རུ་ཀུལླེའི་རྗེས་གནང་ཞུས་ནས། བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་བ་དྷུ་ཏི། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་པ། ཞང་དགོན་པ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ས་པཎ། འུ་ཡུག་པ་རིག་པའི་སེང་གེ ཉི་ཐོག་པ་ཀུན་སྨོན། བླ་མ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་