R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ]དུ་བྱོན་དུས་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བརྒྱུད། བླ་མ་མལ་གྱི་བཀའ་སྲུང་བྱས་སོ། །ཞེས་རྐྱལ་འབུད་མན་ངག་གི་ལོ་རྒྱུས་ཀྱི་ཡི་གེ་རྙིང་མ་ལས་འབྱུང་ངོ་། །དེ་ལྟར་ལོ་རྒྱུས་སམ་སྐྱེ་བརྒྱུད་འདི་རྣམས་མཐུ་སྟོབས་ཀྱི་དབང་ཕྱུག་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་འབྱུང་བ་བཞིན་བརྒྱུད་པར་ལྡན་པའི་བླ་མ་དམ་པའི་གསུང་བགྲོས་ཀྱིས་གསལ་བར་བྱས་པ་ཡིན་ནོ། །འདི་དག་གི་ཁུངས་ནི་མགོན་པོའི་སྐྱེ་བརྒྱུད་དུར་ཁྲོད་ནག་པོའི་རྒྱུད་དང་། དུར་ཁྲོད་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། བླ་མ་གོང་མའི་གསུང་བགྲོས་ཐོར་བུ་བ་ཡི་གེར་བཀོད་པ་དག་ལས་གསལ་བར་འབྱུང་ངོ་། །ཁ་ཅིག་དྲག་པོ་དབང་ཕྱུག་ཏུ་སྐྱེས་པ་སོགས་མི་འཐད་དེ། གུར་ལས། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་མགོན་པོར་བཤད་པས་སོ། །ཞེས་པ་ནི་རྣམ་པར་མ་བརྟགས་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱའི་རྒྱུད་