R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༨ན
[A:༢༠༨ན] ཀུན་དགའ་མཛད་དོན་གྲུབ་ཞབས། །ས་སྐྱའི་གསེར་ཆོས་ཀུན་ལ་དབང་ཕྱུག་ཉམས་རྟོགས་རབ་བརྟན་ཆོས་རྗེ་དང་། །གང་གི་མཁྱེན་རབ་ངག་དབང་ལྷ་མཚུངས་ཆོས་ཀྱི་དོན་ཀུན་གཟིགས་པ་ཡི། །གྲགས་པ་གསལ་ལྡན་ཡོངས་འཛིན་རྣམས་ཀྱི་བཀའ་དྲིན་བསམ་བཞིན་དད་པ་འཕེལ། །རྣམ་སྣང་ཕོ་བྲང་རྡོ་རྗེ་གདན་ལ་སོགས། །རྒྱ་བོད་མཁའ་འགྲོ་འདུ་བའི་གནས་རྣམས་སུ། །བཞུགས་ནས་བསྟན་དགྲའི་སྲོག་དབུགས་ལ་དགྱེས་པའི། །ཕྱི་ཡི་ཆོས་སྐྱོང་རྣམས་ཀྱིས་བདག་སྲུངས་ཤིག །རྩ་གསུམ་འཁོར་ལོ་བྱང་སེམས་རླུང་གི་དངོས། །གཟུང་འཛིན་དགྲ་བོའི་གཤེད་མ་ལྷན་སྐྱེས་ཀྱི། །ཡེ་ཤེས་བདེ་ཆེན་མགོན་པོའི་སར་འཁྲིད་པའི། །ནང་གི་སྲུང་མས་རྟག་ཏུ་དགེ་ལེགས་མཛོད། །ཕྱི་ནང་སྒྱུ་འཕྲུལ་དྲེགས་པའི་ཟློས་གར་ཀུན། །རང་སེམས་གསལ་སྟོང་བརྗོད་བྲལ་བློ་འདས་ཀྱི། །རོལ་པར་ཤེས་པས་སྣང་སྲིད་རྒྱུད་གསུམ་གྱི། །རང་ཞལ་