R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༧བ
[A:༢༠༧བ] དང་ས་སྐྱ་པཎ་ཆེན་དྲི་མེད་དཔལ་དུ་སངས་རྒྱས་ཏེ། །སླར་ཡང་བྱོན་པ་སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ངག་དབང་ཀུན་རིན་ཞེས། །ཅི་མཛད་བསྟན་འགྲོའི་དོན་དུ་གྱུར་པའི་སྐྱེས་ཆེན་དེ་ལ་སླར་ཡང་འདུད། །མགོན་དེའི་རིགས་སྲས་པདྨའི་རྣམ་སྤྲུལ་མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་གཏེར། །གང་གི་ཞལ་དཀྱིལ་མཐོང་བ་ཙམ་གྱིས་འགྲོ་ཀུན་དབང་སྡུད་བསོད་ནམས་དབང་། །ཞི་ཞིང་དེས་པའི་ངང་ཚུལ་བཟང་པོས་རྨུ་རྒོད་ཀུན་ཀྱང་འདུལ་མཛད་པའི། །འགྲོ་མགོན་ཆོས་རྗེའི་རྣམ་འཕྲུལ་གྲགས་པའི་མཚན་ཏེ་སྐུ་མཆེད་ཞབས་ལ་དད། །བརྟན་གཡོ་འདི་ཀུན་ཁྱེད་ཀྱི་རྣལ་རོལ་ཁྱེད་ནི་བརྟན་གཡོ་ཀུན་གྱི་བདག །གདོད་མའི་མགོན་པོ་རང་སེམས་བླ་མ་རང་ངོ་སྤྲོད་པའི་བཀའ་དྲིན་ཅན། །འཁོར་འདས་ཀུན་ཁྱབ་རྒྱལ་བའི་གོང་བུ་རྒྱལ་བ་མུས་པ་ཆེན་པོ་ཞེས། །ད་ལྟ་འབྲས་བུའི་ས་ལ་བཞུགས་པའི་ས་གསུམ་བླ་མས་ད་དུང་སྐྱོབས། །ཆོས་ཚུལ་བྱེ་བའི་སྤྱན་ཟུང་དང་ལྡན་འགྲོ་