R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༦ན
[A:༢༠༦ན] རྗེ་བོད་མཁར་བ་གཉིས་ཀྱིས་མཛད་པ་སོགས་དང་། དེ་དག་གི་གསལ་བྱེད་སྙིང་པོར་གྱུར་པ་བདག་གི་བླ་མ་མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་དང་། མཁན་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་གསུང་རབ་དེ་རྣམས་ལ་ལྟ་རྟོག་ཞིབ་ཏུ་བགྱིས་ན། སྲུང་འཁོར་བྲག་རྫོང་མའི་མན་ངག་གི་སྐོར་ལ་བཤད་སྒྲུབ་གང་བྱེད་ཀྱང་ཐོགས་མེད་ཀྱི་བློ་གྲོས་རྒྱས་པར་འགྱུར་བ་ནི་ཁོ་བོས་ཉམས་སུ་མྱོང་བ་ལགས་སོ། །གསུམ་པ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་བསྒྲུབ་པ་ལ་གསུམ་སྟེ། ཐོག་མར་གཞི་སྐྱེ་མེད་དངོས་པོའི་གནས་ལུགས་ལ་མཁས་པ། བར་དུ་ལམ་དབྲི་བསྐྱེད་ཉམས་ལེན་གྱི་གནད་ལ་མཁས་པ། མཐར་ཐུག་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་མཚོན་ཆར་གཏད་པས་མངོན་སྤྱོད་མཆོག་གི་དངོས་གྲུབ་ཏུ་བསྒྱུར་བ་ལ་མཁས་པའོ། །འདི་དག་ནི་བརྒྱུད་ལྡན་གྱི་བླ་མ་རྣམས་ཀྱི་ཞལ་ལས་བྱུང་བའི་མན་ངག་གི་ཐོ་ཙམ་བཀོད་པ་ཡིན་ལ་