R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༢ན
[A:༢༠༢ན] པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་མངོན་སྤྱོད་ཀྱི་ལས་བསྒྲུབ་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་རྒྱས་པའི་ལས་བསྒྲུབ་པ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ལ་བརྟེན་ནས་ལས་སྣ་ཚོགས་བསྒྲུབ་པ། འཁོར་ལོ་ཐོག་མཐའ་གཉིས་ལ་བརྟེན་ནས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ་པའོ། །སྐབས་འདིར་ནང་སྒྲུབ་ལ་བརྟེན་པའི་ཁུངས་སོགས་ཀྱི་དོགས་པའི་གནས་ཅུང་ཟད་དཔྱད་པ་ནི། ནང་སྒྲུབ་ཀྱི་མན་ངག་ཟབ་མོ་འདིའི་ཁུངས་ནི། རྡོ་རྗེ་གུར་དང་། ལས་གསང་བའི་རྒྱུད་གཉིས་ལ་བརྟེན་པར་ནང་སྒྲུབ་ཀྱི་ཡིག་རྙིང་ལས་བཤད་ལ། དེ་ཡང་རྡོ་རྗེ་གུར་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ནག་པོ་ཆེན་པོ་འདི་ཉིད་རབ་ཏུ་ཕྱུང་ངོ་། །ཞེས་པའི་རྒྱུད་ཚིག་འདི་ཉིད་སྤྱི་དོན་དུ་བཤད་པས་ཕྱི་སྒྲུབ་བསྟན། སྦ ས་དོན་དུ་བཤད་པས་ནང་སྒྲུབ་བསྟན་པར་སྙན་བརྒྱུད་འཛིན་པའི་བླ་མ་གོང་མ་རྣམས་བཞེད་ཅིང་།