R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༡བ
[A:༢༠༡བ] ལོ་ལ་བརྟེན་ནས་ཐུན་མོང་བའི་བཟླས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་བཟླས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བརྟེན་ནས་དགྲ་བོ་གསོད་པའི་མི་འཁུ་བའི་བཟླས་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་སྲོག་འཕྲོག་པའི་བཟླས་པ། གསང་གནས་བདེ་སྐྱོང་འཁོར་ལོ་ལ་བརྟེན་ནས་སྲོག་གི་ཡང་ཏིག་བླང་བའི་བཟླས་པའོ། །གཉིས་པ་བསྒྲུབ་པ་ལ་གསུམ་སྟེ། དྲེགས་པ་ཕོ་རྒྱུད་དུ་བསྒྲུབ་པ། དྲེགས་པ་མོ་རྒྱུད་དུ་བསྒྲུབ་པ། དྲེགས་པ་གཉིས་མེད་རྒྱུད་དུ་བསྒྲུབ་པའོ། །དེ་རེ་རེ་ལ་དབང་དུ་བྱ་བ་དང་བྱིན་གྱིས་བརླབ་པ་གཉིས་གཉིས་ཡོད་དོ། །གསུམ་པ་ལས་སྦྱར་ལ་གཉིས་ཏེ། ཐུན་མོང་གི་དམིགས་པས་སྤྱིའི་ལས་ལ་སྦྱར་བ་དང་། ཁྱད་པར་གྱི་དམིགས་པས་བྱེ་བྲག་ཏུ་ལས་ལ་སྦྱར་བའོ། །ཕྱི་མ་འདི་ལ་དྲུག་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བརྟེན་ནས་ཞི་བའི་ལས་སྒྲུབ་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་དབང་དང་ཚེ་བསྒྲུབ་