R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༤ན
[A:༡༩༤ན] དམ་པས་མཛད་པའི་མན་ངག་དྲུག་ཅུ་པའི་ཡིག་ཆུང་ཡིན་ངེས་པར་སྣང་བས། དེས་ན་ས་ལོ་ཆེན་པོའི་གསུང་རབ་ཀྱི་རྟེན་གཞི་འདི་ཁོ་ན་ཡིན་པའི་ངེས་ཤེས་ཁྱད་པར་ཅན་རྙེད་དེ། མགོན་པོའི་མན་ངག་དྲུག་ཅུ་པའི་ཡི་གེ་རྙིང་མའི་ཁུངས་ཚད་ལྡན་འདི་ལྟ་བུ་རྙེད་པ་ནི། བླ་མ་དང་ཆོས་སྐྱོང་གི་ཐུགས་རྗེ་དང་བྱིན་རླབས་ཁོ་ནར་ངེས་སོ་སྙམ་པའི་དད་པ་བཅོས་མིན་རང་དབང་མེད་པར་སྐྱེས་ཤིང་། ཡིད་དགའ་བདེ་ཚད་ལས་འདས་པའི་རབ་དགའི་ས་ཐོབ་པ་ལྟར་གྱུར་པ་ལགས་སོ། །དེ་ལྟར་གཏོར་བཟློག་དྲུག་ཅུ་པའི་ཁུངས་ཀྱི་ཡིག་རྙིང་ཚད་ཐུབ་དེ་ཉིད་རྙེད་པ་ལ་བརྟེན། རྗེ་ཚར་ཆེན་གྱི་དྲི་བའི་གསུང་གི་ལན་འདེབས་བྱེད་པའི་སྤོབས་པ་རྙེད་དེ། དཔལ་ས་སྐྱ་པའི་ཆོས་སྐྱོང་རྡོ་རྗེ་གུར་གྱི་མགོན་པོའི་ལས་ཚོགས་གཏོར་མ་ལ་བརྟེན་ནས་དགྲ་བསད་པའི་མན་ངག་དྲུག་ཅུ་པའི་ཆོ་ག་དགྲ་བགེགས་གནད་གཅོད་ཀྱི་སྤུ་གྲིའི་རྟེན་གཞིའི་ཡི་གེ་རྙིང་མའི་དོན་རྣམས་དྲིས་ལན་གྱི་སྒོ་ནས་ལེགས་