R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༥བ
[A:༡༧༥བ] ཉེས་དམིགས་འབྱུང་བ་ལ་དགོངས་པ་ཡིན་ཞེས་རྗེ་བསོད་ནམས་ཆོས་འཕེལ་སོགས་གསུང་བར་གྲགས་ཤིང་། བདག་གི་བླ་མ་མཁན་ཆེན་འཇམ་པའི་དབྱངས་ཀྱི་བཞེད་པ་ནི། སྒོ་མ་བཞི་པོ་འཕྲིན་ལས་བསྒྲུབ་པ་ལ་མྱུར་བས། འགྲོ་བ་དབང་དུ་འདུ་བ་དང་། ཟང་ཟིང་གི་དཔལ་འབྱོར་རྒྱས་པར་བྱུང་ཚེ། རྣམ་གཡེངས་ཆེ་བས་དགེ་སྦྱོར་ལ་གནོད་པར་འགྱུར་བ་ལ་དགོངས་པ་ཡིན་ཞེས་གསུངས་ཤིང་། ལེགས་བཤད་འདི་ནི་མཁས་པའི་གསུང་རྨད་དུ་བྱུང་བ་ཡིན་པ་བློ་གསལ་རྣམས་ཀྱིས་སྙིང་ལ་འཆང་བར་རིགས་སོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། བདག་ཆེན་ཀུན་དགའ་དབང་ཕྱུག་གསུང་རྒྱུན་ལས། །འོད་ལྡན་དཔལ་གྱིས་མཛད་ཅེས་སྒྲུབ་ཡིག་འདི། །ཁ་ཅིག་ཨ་གཉན་དམ་པས་མཛད་ཅེས་གླེང་། །ཕྱིས་བྱོན་འགའ་དག་གཟུངས་པས་མཛད་ཅེས་སྨྲ། །དང་པོ་ལྟར་ན་དམ་པས་སྦགས་སྒྲུབ་ཀྱི། །ཡི་གེ་མཛད་ན་བླ་ཆེན་བསོད་བློ་བས། །