R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༢བ
[A:༡༧༢བ] གཙོ་འཁོར་དང་། ཐུན་མོང་མ་ཡིན་པའི་གཙོ་འཁོར་གཉིས། དང་པོ་ནི། གོང་དུ་བཤད་པ་ལྟར་མགོན་པོ་ལ་འཁོར་ལྷ་ཆེན་བརྒྱད་ལ་སོགས་པ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིས་བསྐོར་བའོ། །གཉིས་པ་ནི་གཙོ་བོ་མགོན་པོ་ལྕམ་དྲལ་ལ་སྔར་སྨོས་པའི་ཕྱི་ནང་གསང་གསུམ་གྱི་ལས་མཁན་དག་གིས་བསྐོར་བའོ། །གསང་བའི་ལས་མཁན་ལྔས་བསྐོར་བའི་ཚེ་ན་ལྷ་བརྒྱད་མ་དང་། སྒོ་མ་བཞི་ཡང་བསྣན་པས་ན་བཅུ་གཉིས་མར་འགྱུར་རོ། །ས་ཆེན་གྱི་ལྕམ་དྲལ་སྦགས་སྒྲུབ་ལྷ་བརྒྱད་མ་ལ་བཤད། དིང་སང་ལྕམ་དྲལ་སྦགས་སྒྲུབ་ལྷ་གསུམ་མ་ལ་ངོས་འཛིན་གྲགས་སོ། །འོན་ཀྱང་ས་ཆེན་དང་མི་འགལ་ཏེ། དེ་ནི་ལྕམ་དྲལ་འཁོར་བཅས་སྦགས་སྒྲུབ་ལ་དགོངས་པའོ། །འདི་ལྟ་བུའི་ལྕམ་དྲལ་སྦགས་སྒྲུབ་ཀྱི་དབྱེ་བ་ཤེས་ན། རྗེ་ས་ཆེན་གྱིས་སྦགས་སྒྲུབ་ཀྱི་ཡི་གེ་ཆེན་མོར། ཡབ་ཡུམ་དུ་བསྒྲུབ་པ་དང་། ལྕམ་དྲལ་དུ་བསྒྲུབ་པ་གཉིས་ལས། འདིར་ལྕམ་དྲལ་དུ་