R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༢ན
[A:༡༧༢ན] ཆེན་པོས་ཀྱང་། རྒྱུད་ནས་བཤད་པའི་མགོན་པོ་དང་། གཟུངས་ནས་བཤད་པའི་ལྷ་མོ་གཉིས་དགོས་པའི་དབང་གིས་ལྷན་ཅིག་ཏུ་བསྒྲུབས་པ་ལས། འཇིག་རྟེན་པ་ལྟ་བུའི་མིང་སྲིང་མ་ཡིན་ནོ་གསུངས་པ་ཡིན་པས་ན། གོང་མས་ལྕམ་སྲིང་སྦགས་སྒྲུབ་གསུངས་པ་དང་འགལ་བ་མེད་ཅིང་དགོངས་པ་གཅིག་པ་ཡིན་ལ། འོ་ན་ལྷ་མོ་ཡང་རྒྱུད་ནས་བསྟན་ཡོད་པ་ལས་ཆེད་དུ་གཟུངས་ལས་བསྔགས་པ་ཅི་ཞེ་ན། དེ་ནས་རྒྱུད་ཀྱི་ཚིག་རིས་གསར་མ་བ་རང་གི་ཡིན་པ་དེ་འདྲ་གསལ་པོ་ད་ལྟ་འདྲེན་རྒྱུ་མི་སྣང་ལ། གཟུངས་ནས་གསལ་བར་བསྟན་པ་ཐོས་ཚོད་ཙམ་མ་ཡིན་པ་མངོན་སུམ་དུ་གྲུབ་པས་དགོངས་གཞི་དེ་ལྟར་ཡིན་ནོ། །གསུམ་པ་ལྕམ་དྲལ་ནི། ལྷ་མོས་མགོན་པོའི་སྐུའི་ཕྱེད་ཙམ་དུ་སླེབས་པ་ཆེ་ཆུང་ཡོད་པ་འདིའོ། །དེ་ཡང་ལྕམ་དྲལ་ནི་ཆེ་ཆུང་གི་བརྡ་རྙིང་དག་ཡིན་པར་སེམས་སོ། །བཞི་པ་གཙོ་འཁོར་སྦགས་སྒྲུབ་ལ། ཐུན་མོང་བའི་