R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༤ན
[A:༡༦༤ན] ནང་ནས་མཆོག་ཏུ་ཟབ་པ་ངོས་བཟུང་བ། དེ་ཉམས་སུ་ལེན་པའི་གདམས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྐྱང་སྒྲུབ་དང་། སྦགས་སྒྲུབ་བོ། །རྐྱང་སྒྲུབ་ལ་གསུམ་སྟེ། ཕོ་རྐྱང་། མོ་རྐྱང་། འཁོར་རྐྱང་དུ་སྒྲུབ་པའོ། །ཕོ་རྐྱང་ལ། བཀའ་སྡོད། ཚོགས་བདག་གནོད་སྦྱིན། གཤིན་རྗེ་ལྟར་སྒྲུབ་པ་སྟེ་ཡོངས་སུ་གྲགས་པའི་སྒྲུབ་ཆེན་བཞི། གཞན་ཡང་བདུད་དང་མོན་པ་ལྟར་སྒྲུབ་པའི་ཐ་སྙད་ཀྱང་དམ་པ་ཀུན་དགའ་གྲགས་ཀྱི་སྒྲུབ་ཡིག་ལས་བཤད་དོ། །འདི་ལ་བསྒྲུབ་བྱ་ལྷའི་རྣམ་འགྱུར་དང་། སྔགས་ཀྱི་དབྱེ་བས་བཞིར་བཤད་པ་ནི། བྲག་སྟེང་པའི་སྒྲུབ་ལུགས་བཞིའི་ཡི་གེ་དང་། བླ་ཆེན་བསོད་བློ་བའི་མན་ངག་ཚིགས་བཅད་དུ་གསལ་ཞིང་། སྒྲུབ་ཚུལ་གྱི་སྒོ་ནས་བདག་ཉིད་མགོན་པོར་བསྐྱེད་པ་ཚོགས་བདག་དང་། རང་ཡི་དམ་དུ་གསལ་བའི་མདུན་དུ་མགོན་པོ་བཀའ་ཉན་དུ་བསྐྱེད་པ་བཀའ་སྡོད་དེ། བསྡུས་ན་འདི་གཉིས་སུ་འདུས་པ་གཉན་ཕུལ་ཆུང་པའི་སྒྲུབ་ཡིག་སོགས་སུ་བཤད་པས། དེ་དག་གི་ཚུལ་ཅུང་ཟད་བཤད་ན། དང་པོ་ཕོ་རྐྱང་བཀའ་སྡོད་ལྟར་སྒྲུབ་པ་ནི། མགོན་པོ་གཅེར་བུ་ལ་གཎྜེ་མཆན་ཁུང་ན་བསྣམས་པ། གྲི་ཐོད་འཛིན་པ། སྔགས་ནི། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱཧཱ། ཞེས་པའོ། །གཉིས་པ་ནི་རྩ་བའི་མགོན་པོ་དེ་ཉིད་དེ། ཕྱག་གཉིས་གྲི་ཐོད་འཛིན་པའི་སྟེང་ན་གཎྜེ་བསྣམས་པ། དར་ནག་གི་གོས་འཁྱུད་ལྷབ་ལྷུབ་དང་བཅས་པའོ། །གསུམ་པ་ནི་མགོན་པོ་ཉིད་ཤིན་ཏུ་རྔམས་པའི་ཆ་བྱད་ཞལ་ཅུང་ཟད་གདངས་པའོ། །བཞི་པ་ནི་སྐུ་ཤིན་ཏུ་བརྗིད་ཅིང་རྒྱས་པའི་རྣམ་པ་ཅན་ནོ། །དང་པོ་གཉིས་ལ་ནི་རིམ་བཞིན་བཀའ་སྡོད་ཀྱི་མགོན་པོ་དང་། ཚོགས་བདག་གི་མགོན་པོ་ཞེས་པའི་ཐ་སྙད་ཀྱང་བཤད། གསུམ་པ་ནི་དྲག་པོའི་ལས་ལ་བསྔགས་ཤིང་གཤིན་རྗེའི་རྣམ་པ་འདྲ་བས་ན། གཤིན་རྗེ་ལྟར་སྒྲུབ་པ་ཞེས་བྱ། བཞི་