[A:༡༥༨ན] མཚན། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ཨ་ནནྡ་ལ་གནང་བ་ཡིན། དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཧཱ་དེ་ཝ། པཎྜི་ཏ་ཤི་ལ་སིངྷ། ཨ་ཙ་ར་གཉན་ཆེན་དཔལ་དབྱངས། ཀ་མ་རུ་པ། གཉན་ལོ། གླང་བན་ངག་རོ། རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས། ཆོས་རྗེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། དྲིན་ཅན་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན་མན་འདྲ། དཔལ་མགོན་གདོང་བརྙན་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི།།