R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༧བ
[A:༡༥༧བ] ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། དེས་བདག་ས་སྐྱ་པ་རིགས་སྔགས་འཆང་བ་ངག་དབང་ཀུན་དགའ་བསོད་ནམས་ལ་དགེ་སྡིངས་སུ་གནང་བ་ཡིན། དཔལ་མགོན་གྱི་གསང་ཁྲིད་སྔོན་འགྲོ་རྗེས་གནང་དང་བཅས་པའི་བརྒྱུད་པ་ནི། བླ་མ་དམ་པ་ཡན་བསྙེན་དུས་ཀྱི་རྗེས་གནང་གི་བརྒྱུད་པ་དང་འདྲ་བ་ལས། དེ་ནས་སྔགས་འཆང་གཟུངས་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དགེ་བ་རྒྱལ་མཚན། ཆོས་རྗེ་སངས་རྒྱས་མཆོག་པ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། ལྕགས་མོ་བཀྲ་ཤིས་སེང་གེ རྗེ་ཚར་ཆེན། རྗེ་མཁན་ཆེན་པ། ཆོས་རྗེ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ཨ་ནནྡ་ལ་གནང་བའོ། །སྔོན་འགྲོའི་རྗེས་གནང་ཁོ་ནའི་བརྒྱུད་པ་ནི། རྗེ་ཚར་ཆེན་ཡན་གོང་བཞིན་ལ། དེ་ནས་རྗེ་བོན་དཀར་བ་དོན་གྲུབ་རྒྱལ་།