R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨ན
[A:༡༣༨ན]དེ་མ་ཐག་ཐུགས་རྒྱུད་ལ་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་པ་སྙམ་བྱེད་པ་བྱུང་གསུངས་པ་ནི། གསལ་བར་མ་གསུངས་པ་མ་གཏོགས། དོན་ལ་དུས་དེར་རྗེ་བཙུན་གྱི་སྐུ་དེ་རྗེ་བཙུན་དངོས་དང་། དེའི་ཐུགས་ཀ་ནས་སྤྲུལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས་ནས། དེའི་གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་མོད་ལ། ཐུགས་རྒྱུད་ལ་དབང་གི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་ངེས་པའི་གསུང་དུ་འདུག་སྙམ་པ་ཁོ་བོ་ལ་ཤར་ཞིང་། ཡང་ལན་ཅིག་རྗེ་ཉིད་ཀྱི་མནལ་ལམ་དུ་རི་མཐོན་པོ་ཞིག་ལ་འཛེགས་བྱོན་པས། དེའི་རྩེ་ན་བྲག་ཕུག་ཆེན་པོ་ཞིག་འདུག་པར་ཕེབས་པ་ན། བྲག་དེ་ལ་ཞབས་རྗེས་གསལ་པོ་གཉིས་འདུག་པས། སུས་ཡིན་གསུངས་པས། མི་ཞིག་ནས་ཆོས་རྒྱལ་འཕགས་པའི་ཡིན་ཞུ་བ་ལ། དེ་མ་ཐག་ཞབས་རྗེས་ལས་ཆུ་བོ་ཆེན་པོ་བརྡོལ་ཏེ་རྒྱ་ཇེ་ཆེར་སོང་བ་ལ། རྗེ་ཉིད་ཀྱིས་ཐུགས་དད་པ་ཆེན་པོ་དང་བཅས་ཆུ་དེ་ནས་ཞལ་དུ་གསོལ་བ་དང་། སྐུ་ཁྲུས་མཛད་