R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢ན
[A:༡༢༢ན]འཕྲིན་བཅོལ་དྲག་ཏུ་མཛད་པའི་ཚེ། རྗེ་ཉིད་ཀྱི་གཟིམ་ཆུང་གི་གཏོར་ཁང་གི་མདུན་གྱི་སྤྱན་གཟིགས་ཀྱི་རྒྱ་རལ་འཁྱོག་པོ་ཞིག་ལ་ཁྲག་རློན་པ་མངོན་སུམ་དུ་འཛག་པ་བྱུང་བ་དང་བསྟུན། ཉིད་ཀྱི་མཚན་ལམ་དུ་བནྡེ་ཞིག་གིས་རྒྱུ་མ་གློ་སྙིང་སོགས་ནང་གཡོས་ཚན་གཅིག་ཁུར་བྱུང་བ་བཞེས་པས། ནངས་པར་ཡང་སྐུ་ཁམས་ལོག་པའི་རྣམ་པ་བྱུང་བ་ཆོས་སྐྱོང་གིས་ཤ་སྐལ་བྱིན་པར་འདུག་གསུངས་ཤིང་། དེ་དག་དང་དུས་མཚུངས་པར་མིག་མཐོང་མཁན་ཞིག་གི་མིག་ལམ་དུ། བསྟན་དགྲ་དམིགས་ཡུལ་གྱི་མི་དེ་ཉིད་ཀྱི་ཕུང་པོ་ཁྱོགས་ལ་བཏེག་ནས་མགོན་པོའི་ལས་མཁན་རྣམས་ཀྱིས་ཁྱེར་བྱུང་བ་རྨིས་པ་ན། དེ་ནས་ཞག་འགའ་མ་ལོན་པར་སྟོབས་ལྡན་གྱི་བསྟན་དགྲ་དེ་ཉིད་ཚེའི་དུས་བྱས་ནས་ལོག་སྒྲུབ་མཐའ་དག་རང་ཞིར་གྱུར་པ་ཡིན་ནོ། །གཞན་ཡང་འདི་འདྲ་བའི་རིགས་ཅན་འགའ་ཞིག་ཡོད་མོད་ཀྱང་བརྗོད་པའི་སྐབས་མ་ཡིན་པའི་ཕྱིར་རེ་ཞིག་བཞག་གོ །ཡང་བདག་