R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན]སོང་བས། ད་ཕྱིན་ཆད་བུ་མོ་ཁྱོད་ཀྱང་སྲིན་པོ་དང་འགྲོགས་ནས། མིའི་ཤ་ཟ་ཁྲག་འཐུང་ལྤགས་པ་གྱོན། །སྲོག་གཅོད་བྱེད་ཅིང་མི་མགོ་ཐོད་ཁྲག་ཐོགས། །བོང་བུ་ཞོན་ནས་ལྷ་ཡི་ཁ་དོག་ཉམས། །སྲིན་གྱི་ཁ་དོག་ནག་ལ་འཇིགས་པར་ཤོག །དེ་ཡི་ཁོལ་མོ་ཕུར་པ་ལྷ་ཁྱེད་ཀྱང་། །ང་ཡི་བུ་མོ་བསླུས་ཏེ་སྲིན་ལ་བྱིན། །ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་དུ་གྱུར། །ཚེ་རབས་ཀུན་ཏུ་ཁྱོད་དང་མ་ཕྲད་ཅིག །ཅེས་དམོད་པ་བཅུ་གཉིས་བོར་རོ། །དེ་ནས་ལྷ་མོ་ལ་མ་ཡིས་དམོད་པས་བསྡིགས་པས། ལྷ་ཡི་ཁ་དོག་དཀར་མོ་ནི་ཉམས་ཏེ། སྲིན་གྱི་ཁ་དོག་མཐིང་ནག་ཏུ་གྱུར། མི་ཤ་ཟ་མི་ཁྲག་འཐུང་། མི་ལྤགས་གྱོན། བོང་བུ་ཞོན། ལུས་གཅེར་བུར་བྱས་ནས་འདུག་གོ །དེ་ལ་སྲིན་པོའི་བུ་སྲིན་ཕྲུག་སེང་གེ་ཟླ་བ་དང་། མེ་ཏོག་ཅོད་པཎ་དང་། གངས་ཅན་དང་། མཆེ་བ་བདུན་པ་ལ་སོགས་པ་ལྔ་བརྒྱ་སྐྱེས་ཙམ་ན།