R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A:༣༡བ]པའི་ཟླ་མེད་སྐར་མ་གཅིག་ཤར་འདྲ། །དེང་འདིར་འོངས་པའི་ལྕགས་སྒྲོག་འབུལ་མཁན་དེ། །གཏན་གྱི་གྲོགས་ཟླ་མཛད་པར་ཞུ་བ་འབུལ། །བདག་ཀྱང་རྟག་ཏུ་ཁྱེད་ཀྱི་བྲན་མོ་བགྱིད། །ཅེས་ཞུས་པ་དང་། ལྷ་མོ་དེས་སྔར་ཁས་བླངས་ཤིང་། ལྷ་ལ་ངག་གི་བདེན་པའི་སྡོམ་པ་ཡོད་པས། མི་བྱ་བའི་དབང་མེད་པས་ཁྱེད་ཟེར་བ་བཞིན་བྱ་ཡིས། མི་དེ་གང་ན་འདུག སུ་ཡིན་བྱས་པས། ཁོལ་མོ་ན་རེ། དེ་ནི་བདག་གི་ཞང་པོ་ད་ཤ་གྲི་བ་ཡིན་ཏེ། སྲིན་ཡུལ་ལང་ཀ་པུ་རི་ན་འདུག་ཅེས་སྨྲས་པས། ལྷ་མོ་དུང་སྐྱོང་མ་རང་དབང་མེད་པར་སྲིན་པོའི་ཆུང་མར་སོང་ངོ་། །དེ་ནས་ལྷ་མོ་ཨུ་མ་དེ་ཝ་བལྟས་མོ་འཁོར་བ་དང་ལྷ་མོ་དུང་སྐྱོང་མ་སྲིན་ཡུལ་ལ་བྲོས་པར་ཤེས་ནས། ཨུ་མས་དུང་སྐྱོང་མ་ལ་དམོད་པ་བོར་བ། ང་ཡིས་བུ་མོ་ཁྱོད་རབ་ཏུ་གཅེས་པར་བྱས་ཏེ། ལྷ་ཡི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའི་ཚེ། ང་ལ་གསང་སྟེ་སྲིན་པོའི་ཆུང་མར་