R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨ན
[A:༩༨ན]མཐུ་གཏད་བུང་ཆེ་བ་རྒྱུན་བསྲིངས་ནས་བྱས་ཏེ། མདོར་ན་སྒོ་དུ་མ་ནས་བདག་ཉིད་ཆེན་པོ་ལ་ཞབས་འདྲེན་གྱི་ཚོགས་ནུས་གང་ཐོན་བྱས་པ་ན། ས་སྐྱ་པ་ལ་གུས་ཞེན་ཡོད་པའི་སྡེ་དཔོན་རིགས་ལ་སོགས་པས་འདི་བཞིན་བྱེད་པར་འདུག་ཚུལ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུས་པ་ན། སྔགས་འཆང་ཉིད་ཀྱི་གསུང་ལས། ཁོ་རང་ཚོ་དེ་བཞིན་ཅི་བྱས་ཀྱང་ངའི་བ་སྤུ་ཡང་གཡོ་བར་མི་ནུས་མོད། འོན་ཀྱང་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པ་དང་། ཁྱད་པར་ཆོས་སྐྱོང་ལ་ཡང་བརྙས་པར་འགྱུར་བ་འདུག་པས། ལན་དུ་རྟགས་ཐོན་པ་རང་ཞིག་བྱེད་པ་ཡིན་ནོ་ཞེས་ཞལ་བཞེས་གནང་སྟེ། དེ་ནས་བཟུང་སྟེ་སྔགས་འཆང་ཉིད་ཀྱིས་དགོང་ཕྱོགས་བསྐང་གསོ་རྒྱུན་པའི་ཚེ། ཟོར་གཏོར་ཁྲག་བྱུགས་པ་བཞི་རེ་བསྐང་གཏོར་གྱི་མདུན་དུ་བཤམས་པར་མཛད་དེ། ཐུགས་དམ་དྲག་བསྐུལ་རྔ་ཤོན་དང་བཅས་པ་གནང་བ་དང་བསྟུན་ནས་མཆོད་གཡོག་པ་རེས་མི་རྐང་གཡབ་དར་དང་བཅས་པ་དང་། གཞན་མ་ཕྱག་གཡོག་རེས་གོང་གི་