R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ] གྱིས་ཆད་ནས། མཐར་ཕྱར་ར་ཆེན་པོ་ཙམ་དུ་སོང་ནས་སྟོད་ཕྱོགས་ལ་སོང་བ་དང་། དཔལ་མགོན་ཆེན་པོའི་གཏོར་མ་ས་ཤིན་ཏུ་མཁྲེགས་པ་ལ་ཕྱེད་ནུབ་ཙམ་དུ་ཐིམ་སོང་བས། དེར་ཚོགས་ཐམས་ཅད་འཇིགས་སྐྲག་ཞུམ་ཞིང་ཧ་ལས། ཁོ་སྔགས་རྒོད་བགྲངས་པའི་ནུས་པ་ཡོད་པ་ཞིག་ཡིན་པ་འདུག་ཟེར་ཞིང་ལོག བདག་མོའང་དགའ་མགུ་ཡི་རངས་ཏེ་རྗེས་སུ་སྦྱིན་བདག་གི་མཐིལ་མཛད་པ་ཞིག་བྱུང་། དེ་ནས་ཞག་འགའ་ནས་བྱད་མ་དེའང་དག་པའི་ཞིང་དུ་སོང་བའི་གཏམ་བྱུང་ནས་རྗེ་ཉིད་ཀྱིས་རྗེས་སུ་འཛིན་པར་མཛད་པ་ཡིན་ནོ། །ཡང་མངོན་སྤྱོད་ཁོ་ནས་འདུལ་བར་འོས་པ་མི་བསྐྱོད་རྡོ་རྗེའི་སར་རིངས་པར་ཆས་པའི་སྐྱེ་བོ་མི་བསྲུན་པ་ཞིག་གིས། རྗེ་ཉིད་ལ་ངན་སྨྲས་ཤགས་འདེབས་སོགས་མི་འཚམས་པ་དུ་མ་བྱས་པའི་དུས། རྗེ་འདི་ཉིད་ནག་པོ་ཆེན་པོའི་གསང་ཁྲིད་ཉམས་བཞེས་མཛད་པའི་ལས་སྦྱོར་གྱི་སྐབས་དང་འགྲིག་པ་བྱུང་བས། མ་རུངས་པ་དེ་ལ་