R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧ན
[A:༤༧ན] ཉམས་འུར། ནངས་པར་ཁའུ་ལ་ཕེབས་པས། དམ་ཚིག་ཅན་ལ་ཆོས་སྐྱོང་གི་བསུ་ཆང་དུ་གྲགས་པའི་ཁའུ་གཙང་པོ་གློ་བུར་དུ་འུར་སྒྲ་དང་བཅས་ཏེ་སྔར་གྱི་ལམ་ལ་མི་ཤོང་བ་ཙམ་བྱུང་། ཆོས་སྐྱོང་ལ་གཏོར་མ་མདའ་དར་འབུལ་བ་སོགས་དང་བསྐང་གསོ་རྒྱས་པར་མཛད། དེ་དུས་བསྐང་གསོའི་སྐབས། བྲག་གསེབ་ནས་མི་རྐང་གི་སྒྲ་བྱིན་གྱིས་ཐོས་པ་བྱུང་བས། ཐམས་ཅད་ཀྱི་བུང་ཞེས་བྱེད་དེ་གཅིག་གིས་གཅིག་ལ་ལག་པ་འཇུས་ཤིང་ངོ་མཚར་བར་གྱུར། རྗེ་བཙུན་པ་ཉིད་ཀྱིས་བྲག་སྒོའི་ཐད་ན་གཉན་གྱི་མགོན་པོ་བྲམ་ཟེའི་གཟུགས་སུ་སྐུ་ཕྱེད་ཙམ་གཟིགས་ཤིང་། འཕྲིན་ལས་ཇི་ལྟར་བསྒོ་བ་བཞིན་མཛད་པའི་ཚུལ་བསྟན་པ་བྱུང་བར་འདུག ནངས་པར་ཕྱིར་ཕེབས་དུས་སྐྱེད་ལྷས་སུ་བཞུགས་གདིང་ལུས་པས། དུས་ཕྱིས་ཀྱང་འདིར་འཁོར་བའི་རྟེན་འབྲེལ་ཡོད་གསུངས་ཤིན་ཏུ་དགྱེས་པར་མཛད། ཡར་མར་གྱི་ལམ་བར་རྣམས་ལ་ཆོས་སྡེ་ཆེ་ཆུང་གི་བླ་མ་སློབ་དཔོན་རྣམས་ཀྱིས་ཆོས་