R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤བ
[A:༤༤བ] དཔྱོད་འདྲ་བ་ཞིག་བྱུང་། ཡབ་འདི་དང་། ཡུམ་སྐྱེ་དགུའི་བདག་མོ་དཔལ་ལྡན་རྡོ་རྗེ་བདེ་མ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། དེ་ཡང་དུས་འཁོར་བའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སུམ་བརྒྱ་དང་བརྒྱད་འདས་ཤིང་། དགུ་པའི་དུས་ཆུ་ཕོ་བྱི་བའི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཐོ་རངས་རྒྱལ་ཆེན་གླིང་གི་ཁང་བཟང་དུ་སྐུ་བལྟམས་སོ། །དེ་དུས་ཀྱི་སྐུའི་རིམ་གྲོ་གཟུངས་གྲྭ་ལྔ་ལ་གཙོ་བོར་བྱས་པས་མཚན་ཡང་གྲྭ་ལྔ་རྒྱལ་པོ་ཞེས་གསོལ་ལོ། །ཆུང་ངུའི་དུས་ནས་རིགས་སད་པའི་སྟོབས་ཀྱིས་འབྲི་ཀློག་ལ་སོགས་པ་ཐོགས་པ་མེད་པར་མཁྱེན་པ་བྱུང་། ཡུམ་གྱི་ཐུགས་དགོངས་ལ་སྡེ་སྲིད་འཛིན་པ་ཞིག་འོང་ངམ་སྙམ། སྐྱེ་བོ་གསོ་ཐིགས་དང་། ས་སྐྱ་ལེགས་བཤད་ལ་སོགས་པ་རྒྱ་བོད་ཀྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མང་པོ་དང་། གཞན་ཡང་རྟ་གླང་བརྟག་པ་དང་། གོ་མཚོན་བརྟག་པ་ལ་སོགས་པ་མང་པོ་སློབ་ཏུ་བཅུག་ནའང་། ལྐོག་ཏུ་བདེ་བར་