R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ] ཡོད་པ་ལྟར། རྗེ་བླ་མས་ཕྱག་ལེན་གྱི་རིམ་པ་རྒྱུད་འགྲེལ་སོགས་མགོན་པོ་འདི་ཉིད་ཀྱིས་ཆེད་དུ་རྒྱས་པར་མཛད་པས་ཀྱང་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་སྐྱེས་ཆེན་དེ་ཉིད་སྐུའི་སྐྱེ་བ་འདིར་རིགས་རུས་གང་ལས་བྱོན་པ་ནི་འདི་ལྟར་ཐོས་ཏེ། བསྟན་པ་སྔ་དར་གྱི་དུས་བོད་གངས་ཅན་འདུལ་བའི་གཉན་པོར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱ་བ་བྱོན། དེའི་བཀའི་འཕྲུལ་བློན་ཆེན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐུ་མི་སམྦྷ་དྲ་བྱ་བ་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ཞིག་བྱུང་། ཐུ་ཞེས་པ་རུས་ཡིན། མཚན་དངོས་ལ་སམྦྷོ་ཊ་ཞེས་བོད་བཟང་པོར་འཆད་པ་ཡོད་ཀྱང་། ཡི་གེ་གསར་རྙིང་མང་པོ་ན་སམྦྷ་དྲ་ཟེར་བ་ཡོད། དེའི་སྐད་དོད་ཀུན་ཏུ་བཟང་པོ་ཡིན་ཞིང་། མཁན་པོ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ལས་ཀྱང་། ཀུན་ཏུ་བཟང་པོའི་རྩ་བ་བརྒྱད་པ་ཞེས་འབྱུང་བ། འཕགས་ཡུལ་ནའང་བསྟན་བཅོས་