R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩ན
[A:༢༩ན] རྗེ་དཔོན་སློབ་རྣམས་ཀྱིས་ཆོས་སྐྱོང་གི་གཏོར་མ་དང་། དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་བཟློག་ལ་སོགས་པ་མཛད་ཀྱིན་འདུག་པའི་ཕྱག་ཕྱི་ཞག་འགའ་མཛད་ནའང་ཁྱད་ཙམ་མ་བྱུང་བས། ཉིད་ཀྱི་ཐུགས་ལ་འདི་ལྟ་བུའི་གང་ཟག་ལ་འདི་འདྲ་བྱེད་པ་དེ་ལ་ཕར་རྟགས་ཐོན་ན་ང་ཀུན་ཇི་ལྟར་གྱུར་ནའང་གྱུར་སྙམ་དུ་དགོངས་ནས། ཆོས་རྗེའི་དྲུང་དུ་འདི་སྐད་ཞུས་སོ། །ད་དྲུང་པའི་བླུད་དུ་བདག་འགྲོ་བར་འོས་པས། དྲུང་པ་དཔོན་སློབ་རྣམས་ཀྱང་སྐུ་རིམ་ལ་འབུངས་མཛོད། བདག་གིས་ལུང་པའི་མདོའི་གད་པ་གྲུ་གསུམ་མ་གིར་ཕྱིན་ལ་དཔལ་ལྡན་ཞལ་བཞི་པའི་བསྙེན་སྒྲུབ་ལས་སྦྱོར་ཞིག་བྱེད་ལགས་ཀྱི་ཞུས་ནས། དེར་སྦྲ་ནག་གཅིག་ཕུབ་ནས་ཞག་བདུན་བསྒྲུབས། ཆོས་སྐྱོང་གིས་ལས་མཛད་པའི་རྟགས་སུ་ཞག་གཉིས་གསུམ་སོང་ན་མར་ཐུན་གཏོར་འཕངས་པ་རྣམས་ཀྱང་མེ་རུ་དམར་ན་ར་ར་སོང་ཞིང་། གཟིམ་ཁང་དུ་ཁོའི་ཆོ་འཕྲུལ་རྣམས་ཀྱང་རྒྱུན་ཆད་ནས། ཞག་བདུན་པ་ལ་མཐུ་བྱེད་མཁན་བདུན་ཡོད་པ་འདུག་པའི་བདུན་གའི་ཐོག་བརྡིབས་སྐད་དོ། །དེའི་