R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ] གསུང་དུ་སྣང་བས་ཤིན་ཏུ་ངོ་མཚར་བའི་གནས་སོ། །ཡང་ངོར་ཆེན་རྡོ་རྗེ་འཆང་གི་ཐུགས་སྲས་རྒྱལ་ཚབ་དམ་པ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱིས་ས་སྐྱ་པའི་ངེས་དོན་གྱི་བསྟན་པ་དར་བའི་གནས་གླིང་དགའ་བདེ་བ་ཅན་གྱི་དགོན་གནས་ཆེན་པོ་མ་བུ་རྣམས་བཏབ་ཅིང་བཤད་སྒྲུབ་སྤེལ་མར་མཛད་པས། ཆོས་སྐྱོང་རྣམས་ཀྱིས་ཞལ་བསྟན་ཅིང་འཕྲིན་ལས་བསྒྲུབས་པའི་ཚུལ་ནི། རྗེ་ཉིད་ཀྱི་ཐུགས་དམ་རྒྱུན་པའི་རྟེན་མགོན་པོའི་བྲིས་ཐང་ཞིག་ཡོད་པ་ལ་ཕྱག་མཛུབ་གཏད་ནས། ངའི་དགོན་པ་བདེ་བ་ཅན་གྱི་ཆོས་སྐྱོང་འདི་ལ་གནས་པ་ཡིན་ནོ་ཞེས་གསུངས་འདུག་པ་ནི། གུར་མགོན་འཁོར་བཅས་ཀྱིས་ཞལ་དངོས་སུ་བསྟན་ནས་བྲིས་སྐུ་དེ་ལ་ཐིམ་པའི་གཟིགས་སྣང་ཤར་བའི་གསུང་དུ་སྣང་བ་དང་། ལས་ཐམས་ཅད་ཆོས་སྐྱོང་གིས་མཛད་པས་ས་སྐྱ་པའི་བསྟན་འཛིན་གྱི་འཕྲིན་ལས་ཀྱི་རྒྱུན་ཞིག་ལ་མུས་ཆེན་སེམས་དཔའ་ཆེན་པོའི་འཕྲིན་ལས་ཀྱི་རྒྱུན་ལས་བཟང་བ་མེད་དེ་ས་སྐྱ་པའི་སྲོལ་འཛིན་