R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤བ
[A:༡༤བ] ལིང་ག་སྐད་ངན་འདོན་པ་སོགས་ནང་རྟགས་ཀྱི་ཆོ་འཕྲུལ་སྣ་ཚོགས་བྱུང་ཞིང་། དེའི་དུས་ཀརྨ་པའི་སྒར་དེའི་དཔོན་འོག་མ་བཀའ་གྲོས་པ་རྗེ་ཉིད་ལ་སྐུར་ཞུས་བྱེད་པའི་གཙོ་བོ་གཅིག་ཡོད་པ་དེ་རྒྱུ་མ་རུལ་ནས་ཉམ་ཐག་པའི་སྐད་འདོན་ཞིང་ཚེའི་དུས་བྱས། དེ་ལྟར་དྲག་པོའི་ལས་སྦྱོར་གྱི་རྟགས་མངོན་སུམ་མཐོང་བ་ལ་བརྟེན་ནས་སྒར་པ་གཞན་རྣམས་ཀྱང་གར་འབྲོས་ཆ་མེད་དུ་གྱུར་ཅིང་། རྗེ་དཔོན་སློབ་རྣམས་ལ་དགྲ་རྐུན་ལ་སོགས་པའི་འཇིགས་པ་མཐའ་དག་དང་བྲལ་ཞིང་། སྙན་པའི་གྲགས་པས་སའི་སྟེང་ཐམས་ཅད་ཁྱབ་པར་གྱུར་ནས་སྨར་ཁམས་ཕྱོགས་ལ་ཐེགས་པའི་ལམ་ལ་རྨ་ཆུ་གཙང་པོ་ཞེས་བྱ་བའི་ཆུ་ཀླུང་ཤིན་ཏུ་ཆེ་བ་ཞིག་ཡོད་པའི་འགྲམ་དུ་སྒར་པ་སྔོན་མ་རྣམས་ཀྱིས་སླེབས་ནས་དེ་ནུབ་དེ་ཀར་སྡོད་རྩིས་བྱས་པ་ན། རྗེའི་ཞལ་སྔ་ནས་རྗེས་སུ་ཕེབས་ཏེ། ད་ལྟ་ཆུ་ལ་འགྲོ་གྲབ་གྱིས་ཕེབས་པ་ན། ཕྱག་ཕྱི་བ་རྣམས་ཀྱིས་མགྲིན་གཅིག་ཏུ། དོ་ནུབ་ཐམས་ཅད་ཐང་ཡང་ཆད། ཉི་མ་ཡང་།