R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༡ན
[A:༢༠༡ན]བསྙེན་དུས་ཀྱི་རྗེས་གནང་ཞལ་ངོ་ནང་བརྒྱུད་མ་ཆད་པ་དང་། ལས་མཁན་འཁོར་རྐྱང་གི་རྗེས་གནང་པུ་ཏྲའི་ཟུར་བཀར་གྲགས་པ། ཞིང་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་གནང་། དཀར་བདུད་ཀྱི་རྗེས་གནང་སོགས་དང་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་སོགས་འདི་སྐོར་གྱི་ཆོས་སྐོར་ཟབ་མོ་ཆེ་རགས་ཤིག་སྲས་ཀྱི་ཐ་ཆུང་ས་སྐྱ་པ་ཨ་ནནྡ་བདག་གིས་ལེགས་པར་ནོས་པའི་སྐལ་བ་མཆོག་དང་ལྡན་པར་གྱུར་ཏོ། །ཡང་ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ་སོགས་ལས་ཆོས་སྐྱོང་གི་ཟབ་ཆོས་མང་པོ་ཞིག་ཡོངས་འཛིན་དམ་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་ཅིང་། རྗེ་དེ་ཉིད་དང་བླ་མ་གཞན་དག་ལས་ཀྱང་འཇམ་དབྱངས་དཀོན་མཆོག་རྒྱ་མཚོས་ཆོས་སྐྱོང་གི་སྐོར་གསན་པ་རྣམས་ཡོངས་སུ་རྫོགས་པ། བདག་ཅག་གི་ཡོངས་འཛིན་དམ་པ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་