R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༠བ
[A:༢༠༠བ]རིན་ཆེན། རྗེ་ལྷ་མཆོག་སེང་གེ་སོགས་ནས་བརྒྱུད་པ་རྗེ་དཀོན་མཆོག་ལྷུན་གྲུབ། འཕགས་ཆེན་དཔལ་ལྡན་བཀྲ་ཤིས། སྤྱན་སྔ་ངག་དབང་ཆོས་གྲགས་སོགས་ལས་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་དམ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་གསན་ནས། རང་གི་སྲས་འཇམ་དབྱངས་སྐུ་མཆེད་སོགས་ལ་གནང་བའི་གཅེན་གྲུབ་མཆོག་བསོད་ནམས་དབང་པོ་ལས། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་བདག་གིས་ཞལ་ངོ་ནང་བརྒྱུད་མ་ཆད་པའི་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང་། གཉན་མགོན་སྒྲུབ་དུས་ཀྱི་རྗེས་གནང་། པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་སོགས་དང་། འདི་སྐོར་གྱི་མན་ངག་ཟབ་བསྡུས་པོ་ཏི་གཅིག་ཙམ་གྱི་བཀའ་དྲིན་ནོས་ཤིང་། གཅུང་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་རྒྱལ་མཚན་ཅན་གྱི་དྲུང་དུ། སྒོ་རུམ་བསེ་འབག་དང་། རྡོ་མགོན་གྱི་དྲུང་སོགས་སུ་ལྷ་བརྒྱད་ཀྱི་རྗེས་གནང་ལན་གསུམ། དཔལ་མགོན་