R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༡བ
[A:༡༩༡བ]སོགས་ནས་གསེར་འཕན་བཀྲ་ཤིས་ཁྲ་རིང་སོགས་བྱ་ཁྲ་མའི་དར་ཤིང་ལ་ཐལ་མར་སླེབ་པའི་ཁྱད་པར་ཅན་མང་པོ་སྐྱོང་། འཕན་ནག་ཏུ་གྲགས་པ་ད་ལྟ་ཡང་ལྷ་ཁང་ཆེན་མོའི་སྒོ་དམར་ན་བཞུགས་པ་འདི་ཉིད་ལྷ་ཁང་ཆེན་མོ་ནས་ཞལ་བྱང་གཟིགས་ལ་སྐྱོང་། དེ་སྐབས་གདན་ས་ཆེན་པོའི་རང་རང་གི་བླ་བྲང་གཟིམ་ཁང་གཙུག་ལག་ཁང་བྲང་ཁང་སོགས་སོ་སོ་ནས་རྒྱ་ཧོར་གྱི་དངོས་སྤྱད་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བཏོན་ཏེ་ཁང་ཐོག་ནས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་འབུལ་བ་ཡིན་ཞེས་འཕན་ནག་གི་ལོ་རྒྱུས་སོགས་ཡི་གེ་རྙིང་མ་རྣམས་ལས་འབྱུང་བ་ཡིན་ནོ། །དེ་དུས་སྟོད་ཧོར་གྱི་རྒྱལ་བུ་ག་དུ་རིན་ཆེན་ས་སྐྱར་སླེབས་དུས། དེར་བཞུགས་ཀྱི་བནྡྷེ་ཁྲི་ཕྲག་མང་པོ་གཡའ་ལུང་གི་བྱ་སྤེ་ནས་གདན་སའི་བར་ཁྲོམ་ཆེན་པོ་འཚོགས་པ་བཞིན་སྟར་མ་ཆད་པ་གཟིགས་མོ་ལ་བྱོན་པ། རྒྱལ་པོས་མཐོང་ནས་འབྲི་ཁུང་པ་ཁོ་ས་སྐྱ་པ་ལ་དམག་མེད་ཟེར་ཏེ། བནྡྷེ་