R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༡ན
[A:༡༩༡ན]བར་ཡང་གྲགས། དེ་སྐབས་དབུས་ཀྱི་ཐག་རིང་བའི་སྟག་ལུང་པ་དང་། རྒྱ་མ་པ་སོགས་དམག་ལ་མ་སླེབས་པ་རྣམས་ལ། ཧོར་འདུལ་དུས་གོ་ཆོད་པའི་མི་རྟ་རྣམས་ཧོར་འདྲ་ལ་བརྫངས་མི་ལ་ཟུག་རྒྱབ་ཆས། རྟ་ལ་ཆག་ཆུ་རྩམ་པ་ཉིན་རེ་ལ་བྲེ་བཅུ་རེ་དགོས་ཚུལ་གྱི་དཔོན་ཆེན་གྱི་ཕྱག་རྟགས་སོགས་མངགས། སྒོ་གནོན་གཏོང་བའི་ཐོག་མ་དེ་ནས་བྱུང་བས། ནག་ཆེན་རྣམས་ལ་དྲན་འཛིན་གྱི་ཁྲིམས་སྲོལ་བཟང་པོ་དེ་ལྟ་བུ་བཙུགས། འཕན་འདི་ཉིད་ལས་སུམ་འགྱུར་གྱིས་ཆེ་བའི་གསེར་འཕན་དུ་གྲགས་པ་གསེར་ལེབ་ཐགས་ཀྱི་སངས་རྒྱས་ཀྱི་སྐུ་འབུམ་ཕྲག་མང་པོ་དང་། ཆོས་སྲུང་ནོར་ལྷ་སོགས་ཀྱི་སྐུ་སྟོང་ཕྲག་མང་པོ་བསྒྲིགས་པའི་ཁྱད་པར་ཅན་དེ། འཕགས་པ་རིན་པོ་ཆེ་ལ་སྙེ་ཐང་པ་གྲགས་བཟང་གིས་ཕུལ་ཟེར། གསེར་འཕན་འདི་དབུ་རྩེ་རྙིང་མ་ནས་ཞལ་ལྷོ་གཟིགས་ལ་བརྐྱངས། འདིའི་ཞབས་ཏོག་ཏུ་གདན་ས་དན་ནས་ཉི་ལྡེ་བ་དང་། ཤར་ནུབ་གུང་གསུམ་