R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༧ན
[A:༡༨༧ན]མི་ཆད་དུ་ཡོད་པ་ཡིན་གསུངས། རྒྱ་གར་གྱི་པཎྜི་ཏ་གོ་ཏམ་ཤྲཱི་བྷ་ཏྲ་ལ་མཚན་མོ་རྨི་ལམ་ཇི་ལྟར་བྱུང་བ་ཐམས་ཅད། བདག་ཉིད་ཆེན་པོ་འདིས་མངོན་པར་ཤེས་པས་མཁྱེན་ནས། ནངས་པར་པཎྜི་ཏ་ལ་གསུང་བྱོན་པའི་ཚེ། མཧཱ་གུ་རུ་ལ་མངོན་པར་ཤེས་པ་ཨ་ཙེ་ཟེར་ཞིང་དད་པར་གྱུར་ཏོ། །བླ་མ་འདི་གོང་ནས་ཕེབས། འུ་ཡུག་ན་བཞུགས་དུས་ཕྱོགས་སུ་ཁྲལ་བསྡུད་བྱུང་པ་ལ། ཤངས་ལྷ་ཕུ་བའི་ཇོ་གདན་གཅིག་གིས་ཞུ་བ་ལ་ཕྱིན་དུས། སྒར་གྱི་མཐར་སེམས་ཅན་ལ་འཚེ་བ་བྱེད་པ། ཧོར་སོག་མང་པོས་མཐའ་བསྐོར། བླ་མ་འདི་ས་འཇའ་ལི་གཅིག་ལ་བཞུགས། གཡས་ན་རྩོམ་པ་མཛད་པའི་ཡིག་མཁན། གཡོན་ན་བཀའ་ཤོག་འབྲི་བའི་ཡིག་མཁན། མདུན་ན་རྒྱུན་གཏོར་ཤོམ་པའི་གཏོར་སྐད་བཏོན་ནས་ཆབ་གཏོང་བ་རྣམས་མཐོང་བས། ཇོ་གདན་གྱི་བསམ་པ་ལ། བླ་མ་ཅིའི་བླ་མ་སེམས་ཅན་ལ་འཚེ་བ། མཐའ་ཧོར་སོག་གིས་བསྐོར་བ། གཡོན་གྱི་བཀའ་ཤོག་ནི་