R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༩བ
[A:༡༧༩བ]སྲོག་ཡལ་བར་དོར་བ་ལྟ་བུའི་སྐུ་ཉེན་དང་དཀའ་སྤྱད་ཁྱད་དུ་བསད་ནས། རེ་གསུམ་པ་ལ་བཏེག་ནས་ལོ་གསུམ་གྱི་བར་ལ་ལམ་གྱི་གདུལ་བྱའི་དོན་མཛད་དེ། ཧོར་གྱི་ཡུལ་བྱང་ཕྱོགས་རྒྱལ་པོའི་སར་བྱོན་ཏེ། བོད་འབངས་བདེ་བ་ལ་བཀོད། སྐད་རིགས་མི་གཅིག་པའི་རྒྱལ་ཁམས་དུ་མ་སངས་རྒྱས་ཀྱི་བསྟན་པས་ཁྱབ་ཅིང་འཕྲལ་ཕུགས་ཀྱི་ཕན་བདེ་ལ་བཀོད་དེ། བཀའ་བཞིན་བསྒྲུབས་པ་མི་སླུ་བ་ཡང་། དཔོན་ཆེན་ཤཱཀྱ་བཟང་པོས། ཆོས་རྗེ་པའི་གསུང་བཞིན་གདན་ས་ཆེན་པོའི་ཁུར་རྣམས་དཀའ་བ་དང་དུ་བླངས། ལྷ་ཁང་ཆེན་མོ་བཞེངས་པ་སོགས་དོན་ལ་བླ་མའི་ཞབས་ཏོག་ཁོ་ན་ཡིན་ཀྱང་། རྣམ་པ་དགེ་སྡིག་འདྲེས་མ་ལྟ་བུའི་བྱ་བ་རླབས་ཆེན་མང་དུ་མཛད་པས་དཔོན་ཆེན་པ་གཤེགས་དུས། འབྲི་ཁུང་འཇིག་རྟེན་མགོན་པོའི་གསུང་གིས་ཤཱཀྱ་བཟང་པོ་འདས་ཡོད་པར་འདུག སྡིག་ཅན་དེ་ཅི་འདྲ་ཞིག་ཏུ་སྐྱེ་བལྟ་དགོས་གསུངས་འོད་གསལ་གྱི་ངང་ནས་གཟིགས་པས། ཆོས་རྗེ་ས་པཎ་ནམ་མཁའི་མཐོངས་སུ་