R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༨བ
[A:༡༧༨བ]འཕྲོ་ལ། ཆོས་རྗེ་ལ་སྐུར་བ་བཏབ་པས་ཡུན་རིང་དུ་མ་མཇལ་གསོལ་བ་དྲག་ཏུ་བཏབ་པས། ཁྱོད་ཀྱིས་ང་ལ་འཐབ་པ་ཡིན་གསུངས་ནས། དང་པོ་མཇལ་ནས་རྩོད་པ་བྱེད་འདོད་པ། དེ་ནས་དད་པ་ལྷག་པར་ཚུད་དེ་གདན་དྲངས། ཟླ་སྦྲེལ་དུ་ཆོས་ཞུས། སྐུ་འདྲ་ཐུགས་ཀ་ན་དྲོད་ཡོད་པར་གྲགས་པ་ད་ལྟ་སྒོ་རུམ་ན་བཞུགས་པ་འདི་ལེགས་པར་བཞེངས་ནས་ཕྱག་ནས་ཞུས་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལྟ་བུ་དང་། མཁས་པ་སུ་ཞིག་ཡིན་ཀྱང་སྐུ་མཇལ་མ་ཐག་ཏུ་ང་རྒྱལ་ཞི་བར་འགྱུར། ཁྱད་པར་མུ་སྟེགས་ཀྱི་སྟོན་པ་ཤིན་ཏུ་མཁས་ཤིང་ང་རྒྱལ་གྱིས་དྲེགས་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་དྲུག་གིས། རིགས་གཏེར་བོད་སྐད་ལས་རྒྱ་གར་དུ་བསྒྱུར་ཏེ་རྡོ་རྗེ་གདན་དུ་ཕེབས་པའི་མཆོད་བརྗོད་ཀྱི་ཚིག་ལ་མ་བཟོད་པས་རྐྱེན་བྱས་ནས་རྩོད་དུ་ཡོང་པས། པཎ་ཆེན་ཤཱཀྱ་ཤྲཱིས་དུས་ཚེས་བསྒྲིགས། མངའ་བདག་རྒྱལ་པོས་དཔང་མཛད། གང་རྒྱལ་བའི་བསྟན་པ་ལ་འཇུག་པར་བྱས་ཏེ། ཆོས་