R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༩བ
[A:༡༦༩བ]ཡང་བདག་གིས་ཡོད་མ་ཤེས། །དེ་སླད་བྱང་ཆུབ་བར་དུ་བདག་སྐྱབས་མཆི། །ཁྱོད་ཀྱི་ཡོན་ཏན་དཔག་ཡས་སངས་རྒྱས་དང་། །བྱང་སེམས་ཆེན་པོ་རྣམས་དང་དབྱེར་མེད་པས། །བདག་འདྲས་བསྐལ་པར་བརྗོད་པར་ག་ལ་ལང་། །དེ་ལྟར་དེ་འདྲའི་སྐྱེས་ཆེན་ཁྱེད་ལ་འདུད། །ཆུང་ངུའི་དུས་ན་ཁྱེད་ཀྱི་ཐུགས་རྗེས་བསྐྱངས། །རྨད་བྱུང་ཟབ་མོའི་ལམ་རྣམས་རྗེས་སུ་བསྟན། །འདི་དང་ཕྱི་མར་ཕན་བདེའི་ས་ལ་བཀོད། །ཚད་མེད་བཀའ་དྲིན་ཡང་ཡང་དྲན་པར་གྱུར། །གཉེན་གྱིས་འབྲེལ་བས་ཁྱེད་ལ་དད་མིན་ཏེ། །ངེས་པར་སངས་རྒྱས་ཡིན་པའི་ངེས་ཤེས་ཀྱིས། །ཁྱེད་ལ་ཅུང་ཟད་བསྟོད་པ་འདི་བགྱིས་པས། །དགེ་བས་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །ཀྱེ་མ་བླ་མ་བཞུགས་པའི་ཞབས་དྲུང་དུ། །ཆོས་ཀྱི་བཀའ་དྲིན་ནོད་པའི་སྐལ་བས་དབེན། །སྐྱབས་མེད་བདག་ལ་ཐུགས་རྗེ་ཆེན་པོ་ཡིས། །ཡང་དག་རྟོགས་པའི་བློ་གྲོས་བསྐྱེད་དུ་གསོལ། །ཞེས་པ་བསྟོད་པའི་རྒྱུ་མཚན་དགེ་བ་བསྔོ་བ་དང་བཅས་ཏེ་རྒྱས་པར་བསྟོད་པ་