R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༦ན
[A:༡༦༦ན] གདམ་ངག་ཕྱག་བཞེས། ཁྲིད་བཀའ་ལུང་བཀའ་དང་བཅས་པ་ལེགས་པར་གསན་ནས་མ་ལུས་པ་ཁོང་དུ་ཆུག་པར་མཛད་དེ། དགུང་ལོ་བཅུ་བདུན་ལ་ཉེ་བའི་ཚེ། རྒྱུད་སྡེ་བཅུ་བཞི་ཐུགས་ལ་གསུངས་ཤིང་། གངྒཱ་ཚུན་ཆད་ལ་རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས་པར་ཡོངས་སུ་གྲགས་སོ། །དེ་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ། བླ་ཆེན་ཀུན་དགའ་སྙིང་པོ་མྱ་ངན་ལས་འདས་པའི་རྗེས་ཀྱི་བྱ་བ་རྣམས་གྲུབ་ནས། རྗེ་པ་དགུང་ལོ་བཅུ་གསུམ་པ་ལ། ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་དང་ཚད་མ་ལ་སོགས་པ་མཉན་ལ་འོང་། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས་གསུངས་ཏེ་གདན་ས་གཏད་ནས། གསང་ཕུ་ནེའུ་ཐོག་ཏུ་ཆ་པ་ཆེན་པོ་ཆོས་ཀྱི་སེང་གེ་ལ་ཆོས་གསན་པ་ལ་སྔ་ཕྱིར་ལོ་བཅུ་གཅིག་ཙམ་གྱི་བར་དུ་བཞུགས་ནས་མཁས་པ་ཆེན་པོར་གྱུར་ཏེ། གསེར་གྱི་གནྫི་ར་དང་། ཡུམ་རྒྱས་པ་དང་གཞན་ཡང་ཟང་ཟིང་གི་དངོས་པོ་མང་དུ་ཕུལ་